51605:25

འཇིགས་སྣང་ཁྲོད་ཀྱི་སེམས་ཤུགས།

2014ལོར་ཉེན་རྟོག་པས Michael བསད་རྗེས། Damon མེའུ་སུ་ཁུལ་གྱི་ཧྥོར་དྷུ་སོན་ངོ་རྒོལ་ལ་ཞུགས་ཤིང་། ཁོས་སྐབས་དེར་མི་ཚོགས་ལ་སེམས་ཤུགས་སྦྱིན་པའི་རྩོམ་རིག་བྲིས་ཤིང་། ངོ་རྒོལ་ཁྲོད་ཀྱི་དཔའ་བོ་དག་གི་གཏམ་རྒྱུད་མཚོན་པའི་གློག་བརྙན&

38311:44

མེ་ཤལ་ཨོ་བྷ་མས་ཤེས་ཡོན་ལ་བཅིངས་བའི་རེ་སྐུལ།

མེ་ཤལ་ཨོ་བྷ་མས་ལོན་ཌོན་བུད་མེད་སློབ་གྲྭ་ཞིག་ཏུ་རང་ཉིད་སྒེར་གྱི་དང་དོད་ཆེ་བའི་མི་ཚེའི་གནད་དོན་ཁག་ཅིག་གཞིར་བཞག་སྟེ་སློབ་སྦྱོང་ནན་ཏན་གྱིས་བྱེད་རྒྱུར་རེ་སྐུལ་བྱས་བ་དང་། ཁྱད་དུ་འཕགས་པའི་མི་རབས་གསར་བ་འདིས་འཛམ་གླིང་འདི་ཇི་འདྲ་ཡིན་པ་དང་ཇི་ལྟར་ཡིན་དགོས་པའི་སྟོང་ཆ་

32705:20

ཁེར་རྐྱང་གི་ནད་ཕོག་པའི་མིང་པོ་གཉིས།

ཁོ་མོའི་མིང་པོ་གཉིས་ལ་ཁེར་རྐྱང་གི་ནད་ཕོག་ཀྱང་ཁྱད་འཕགས་ཀྱི་ཁྱད་ཆོས་མི་འདྲ་བ་དུ་མ་ཡོད་པ་དང་TEDའཇོན་ཐང་འཚོལ་བའི་གཏམ་བཤད་འདིར་ཁོ་མོས་ཁོང་མིང་སྲིང་རྣམས་མཉམ་དུ་འཚར་ལོངས་བྱུང་བའི་ཁྲོད་དོན་སྙིང་ལྡན་པ་དང་སེམས་འགུལ་ཐེབས་པའི་གཏམ་རྒྱུད་དག་གིས་ཁོ་ཚོའི་མི་ཚེ་ནི་རྒྱུན་ལ

TED

    TEDཞེས་པ་ནི་བསམ་བློའི་བརྗོད་གཞི་སྣ་ཚོགས་འདུས་པའི་འཛམ་གླིང་གི་བགྲོ་གླེང་གྲོས་ཚོགས་ཆེ་ཤོས་ཤིག་སྟེ། ༡༩༨༤ལོ་ནས་བཟུང་ལག་རྩལ་དང་། རོལ་རྩེད། འཆར་འགོད་བཅས་ཀྱི་བརྗོད་དོན་ལྷུར་བླངས་ཏེ་རྒྱལ་ཁབ་དང་མི་རིགས་སོ་སོའི་མཛད་རྗེས་མཐོ་བའི་མི་སྣ་གལ་ཆེན་དག་གིས་རང་རང་གི་འཚོ་བའི་རྒྱུད་རིམ་དངོས་ལ་སྦྱར་ནས་གླེང་གཞི་རིན་ཐང་ཅན་སྣ་ཚོགས་འདོན་ཡུལ་ཞིག་ཏུ་ཆགས་ཡོད། གཏམ་བཤད་ཀྱི་ཐབས་རྩལ་དང་དུས་ཚོད་བཀོད་སྒྲིག་སོགས་ཀྱིས་གཟིགས་མོ་བའི་དྲན་དབང་འགུགས་ཤུགས་ཀྱི་ནུས་པ་བླ་ལྷག་ཡོད་པར་བརྟེན། མིག་སྔར་འཛམ་གླིང་གི་སྐད་རིགས་བརྒྱ་དང་བཅུ་ཕྲག་ལྷག་གི་ནང་དུ་TEDདང་འབྲེལ་བའི་བརྙན་ཐུང་དང་རེག་ཟིག་གིས་མ་ཁྱབ་པ་མེད། གཞན་ཡང་ཚོགས་པ་འདི་ཉིད་ཏང་གི་ཤོག་ཁག་དང་སྒེར་གཉེར་ཁེ་ལས་ཀྱི་རིགས་གང་ཡང་མིན་སྟབས་རྒྱལ་ཁབ་ངེས་མེད་དུ་འཛུགས་སྒྲུབ་བྱེད་ཀྱིན་ཡོད་པར་མ་ཟད། དུས་མཚུངས་སུ་TEDxཞེས་པའི་TEDདང་རིགས་མཚུངས་ཀྱི་ཚོགས་པའི་ཡན་ལག་ཀྱང་རྒྱལ་ཁོངས་དང་ས་གནས་མི་གཅིག་པ་གང་མང་ལ་སྤེལ་མུས་སུ་ཡོད།

བཻ་རོ་ཙ་ན་སློབ་གསོའི་དྲ་བ།

173-81902522

bairuozhana@163.com

青ICP备18001141号      青公网安备 63270102000034号     

© Copyright 2024白若扎纳公司  白若扎纳教育网