ཐོ་ཞུགས།ཐོ་འགོད།
ཁ་པར་ཨང་གྲངས་སྤྱད་དེ་ཐོ་ཞུགས་བྱོས།
ཁ་པར་ཨང་གྲངས་ནོར་འདུག
བརྗེ་བ།
རིས་དབྱིབས་ཨང་རིས་ནོར་འདུག བསྐྱར་དུ་འབྲི་རོགས།
ཐོ་ཞུགས།

སྤྱོད་མཁན་གྱི་གྲོས་ཆིངས།

དང་པོ།  ཐོ་འགོད་ཆིངས་ཡིག་ཞིབ་ལྟ་དང་དང་ལེན།

གན་རྒྱའི་ཆིངས་ཡིག་འདི་བཻ་རོ་ཙ་ན་སློབ་གསོའི་དྲ་བའི་(vairohome.com)ལས་གཉེར་བ་དང་ (མཚོ་སྔོན་བཻ་རོ་ཙ་ན་རྩིས་འཁོར་གསབ་སྦྱོང་ཞབས་ཞུ་ཚད་ཡོད་སྤྱི་གཉེར་ཁང་) དྲ་བ་སྤྱོད་མཁན་བར་གྱི་ཆིངས་ཡིག་ཅིག་སྟེ།  དྲ་བས་དུས་ངེས་མེད་དུ་མཁོ་འདོན་བྱ་ངེས་པའི་ཞབས་ཞུའི་རྣམ་གྲངས་དང་། སྤྱོད་མཁན་གྱིས་གནས་ཚུལ་དང་ཆ་རྐྱེན་ཅི་འདྲའི་འོག་ནས་དེ་ཉིད་ལོངས་སུ་སྤྱོད་རུང་བའི་སྐོར་ཡིན།  དེ་བས་ཆིངས་ཡིག་འདི་ཐོག་མར་སྤྱོད་མཁན་གྱིས་གཟབ་ནན་ངང་བཀླགས་ཏེ་དང་ལེན་མི་ནུས་པའི་ཆ་ཤས་མཐོང་ཚེ་དྲ་བར་འཛུལ་ཞུགས་མི་བྱེད་པའམ་ཡང་ན་བཻ་རོ་དྲ་བའི་ལས་གཉེར་བར་འདྲི་རྟོག་བརྒྱུད་ནས་གསལ་ཐག་ཆོད་པོས་འཛུལ་ཞུགས་བྱ་དགོས།(ལོ་ཆུང་དག་གིས་ཁྲིམས་ཚབ་ནུས་པའི་ཁྱིམ་བདག་གི་ལམ་སྟོན་འོག་སྤྱོད་དགོས) གལ་ཏེ་མུ་མཐུད་དུ་དྲ་བའི་ཆིངས་ཡིག་དང་ལེན་བྱས་ཏེ་དྲ་བའི་ཐོན་ཁུངས་ལོངས་སུ་སྤྱོད་འདོད་ན་[འཐད]ཅེས་པ་མནན་ནས་ཐོ་འགོད་བྱ་ཆོག


གཉིས་པ།  ཞབས་ཞུའི་རྣམ་གྲངས།

1.དྲ་བའི་ཞབས་ཞུའི་རྣམ་གྲངས་གང་ཡིན་ཡང་དྲ་བ་རང་ངོས་ཀྱི་གནས་ཚུལ་དང་བསྟུན་ནས་མཁོ་འདོན་བྱེད་ཀྱིན་ཡོད་དེ།   ཐ་ན་དྲ་བའི་གསར་འཕྲིན་དང་།  བརྙན་ལམ་སློབ་ཁྲིད།  ཡིག་རིས།  སྒྲ་ལྡན་སོགས་ཞབས་ཞུའི་རིགས་ཡོད་ཚད་འདུ།

2.བཻ་རོ་དྲ་བའི་ནང་དོན་ཐད་རིན་ལྡན་དང་རིན་མེད་ལས་རིན་ལྡན་སྒྲ་གཟུགས་གང་ཡིན་ཡང་སྒོར་མོ་སྤྲོད་སྐབས་སྒྲ་གཟུགས་སོ་སོའི་ཞིབ་ཕྲའི་ནང་དོན་དང་ནང་གསེས་ཚན་པ་དག་གསལ་པོར་ཤེས་དགོས།   ནང་དོན ་ཕལ་མོ་ཆེར་རིན་ལྡན་ཡིན་པས་དེ་དག་རིན་མ་སྤྲད་ཚེ་ཚུལ་བཞིན་ལོངས་སུ་སྤྱོད་མི་ནུས། ཡང་འདི་ནས་ངེས་པར་གསལ་འདེབས་བྱ་དགོས་པ་ཞིག་ལ་རིན་སྤྲོད་སྐབས་སྤྱོད་མཁན་གྱི་ཨང་ཐོ་གཅིག་ཡིན་པའི་གནས་ཚུལ་འོག་རྩིས་འཁོར་དང་ཁ་པར་མཉམ་འགྲོས་སུ་ལྟ་ཀློག་བྱ་ཐུབ་པ་ཤེས་དགོས།

3.ད་དུང་ངེས་དགོས་པ་ཞིག་ལ་ངེད་བཻ་རོ་དྲ་བས་ནང་དོན་ཐད་ཀྱི་ཞབས་ཞུའི་རྣམ་གྲངས་ལས་གཞན་དྲ་བའི་བཞུར་ཚད་དང་སྒྲིག་ཆས་(སྒེར་གྱི་རྩིས་འཁོར་དང་ཁ་པར། དྲ་ཞུགས་ཀྱི་གོ་རིམ་ལས་ཁ་པར་གྱི་འགྲོ་གྲོན་སོགས་ལྟ་བུ)རང་གིས་འགན་འཁུར་དགོས།


གསུམ་པ། སྤྱོད་མཁན་གྱི་ཨང་ཐོ།

1.བཻ་རོ་དྲ་བའི་ཐོ་འགོད་འགྲོ་རིམ་ཡོངས་སུ་བསྒྲུབས་ཟིན་རྗེས་བཻ་རོ་དྲ་བའི་སྤྱོད་མཁན་དུ་གྱུར་པ་ཡིན།

2.སྤྱོད་མཁན་གྱི་ཨང་ཐོ་རུ་ཁྲིམས་སྲིད་ལ་རྒོལ་བའི་མིང་ཚིག་དང་འདྲ་རིས་ཡོད་ཚེ་ཐད་ཀར་ཐོ་ཁོངས་ནས་བསུབ་རྒྱུ་ཡིན།

3.སྤྱོད་མཁན་གྱི་ཨང་ཐོའི་འོས་དབང་ཡོད་ཚད་བཻ་རོ་དྲ་བར་དབང་བས།  ཐོ་འགོད་ཀྱི་འགྲོ་རིམ་ཡོངས་སུ་མ་འགྲུབ་པ་དང་དུས་ཡུན་ཟླ་བ་གསུམ་རིང་བཀོལ་སྤྱོད་མ་བྱས་པའི་ཨང་ཐོ་དག་དུས་ལྟར་བསུབ་ངེས།

4.སྤྱོད་མཁན་གྱི་ཅིས་ཀྱང་དམ་སྲུང་བྱ་དགོས་པ་ནི་ཐོ་ཞུགས་བྱས་པའི་ཨང་གྲངས་དང་དེའི་གསང་གྲངས་གཉིས་ཡིན།  གལ་ཏེ་རང་གི་ཐོ་ཞུགས་ཨང་ཐོ་གཞན་གྱིས་སྤྱད་དེ་ཚུལ་མིན་བྱ་སྤྱོད་གང་དང་འཕྲད་ན་ཁྲིམས་ཚབ་ཀྱི་འོས་འགན་ཡོད་ཚད་རང་གིས་འཁུར་དགོས།  ད་དུང་གསང་གྲངས་ཕྱི་ཤོར་གྱི་དོན་རྐྱེན་འོག་རང་ཉིད་རྒྱུན་ལྡན་ལྟར་དྲ་བར་འཛུལ་ཞུགས་མི་ཐུབ་པ་དང་སློབ་ཚན་ལྟ་ཀློག་མི་ཐུབ་པའི་གནས་ཚུལ་ཡང་ཡོད་པར་མཁྱེན་དགོས།  ཡང་གལ་ཏེ་བསམ་བཞིན་མ་ཡིན་པའི་གནས་ཚུལ་འོག་རང་གི་ཨང་ཐོ་གཞན་ལ་ཤོར་བ་སོགས་བྱུང་ཚེ་འཕྲད་མར་གསང་གྲངས་བརྗེ་ཆོག

5.སྤྱོད་མཁན་ཨང་ཐོའི་ཐོབ་ཐང་ནི་དང་ཐོག་ཐོ་འགོད་བྱེད་མཁན་ཁོ་ནར་དབང་བས་ཐོ་ཞུགས་ཨང་གྲངས་དང་གསང་གྲངས་གཞན་ལ་བརྒྱུད་ཚོང་བྱེད་པ་དང་། གཡར་པོ་བྱེད་པ།  ཡང་ན་ཐོབ་ཐང་འོས་སྤྲོད་བྱེད་པ་སོགས་གང་ཡང་བྱ་མི་ཆོག  །གལ་ཏེ་དེ་ལྟ་བུའི་གནས་ཚུལ་ཡོད་ཚེ་གཞན་གྱི་གྱོང་གུན་དང་ཁྲིམས་འགལ་འགན་འབབ་ཡོད་ཚད་རང་གིས་འགན་འཁུར་དགོས།  མ་ཟད་གན་རྒྱའི་ཆིངས་ཡིག་འདི་དང་ཡང་འགལ་བ་ཡིན་པས་ཨང་ཐོ་གཞུང་བཞེས་བྱེད་པའི་དབང་ཆ་ཡོད།   གཞན་ད་དུང་ཐོག་མའི་ཐོ་འགོད་མཁན་དང་ཕྱིས་ཀྱི་སྤྱོད་མཁན་བར་དུ་འདུམ་འགྲིག་ཇི་ལྟར་བྱེད་མིན་ངེད་དྲ་བས་འགན་མི་འཁུར།

6.ཨང་ཐོ་བོར་བརླག་ཐེབས་པ་དང་གསང་གྲངས་བརྗེད་པའི་གནས་ཚུལ་བྱུང་སྐབས་འབྲེལ་ཡོད་ཀྱི་མཐེབ་གནོན་དང་དྲ་བའི་དོ་དམ་པར་འབྲེལ་བ་བྱེད་པ་བརྒྱུད་ནས་སླར་གསོ་བྱ་ཐུབ།  འོན་ཀྱང་སླར་གསོ་བྱ་སྐབས་དང་ཐོག་ཐོ་འགོད་ཀྱི་ཡིག་ཚགས་ལྟར་ཨང་ཐོ་དང་གསང་གྲངས་སླར་གསོ་བྱེད་ཀྱིན་ཡོད་པས།  ཨང་ཐོ་དངོས་སུ་བོར་བརླག་མ་བྱུང་པའི་གནས་ཚུལ་འོག་བསམ་བཞིན་གཞན་གྱི་ཨང་ཐོ་སླར་གསོ་བྱས་ཚེ་མཇུག་འབྲས་ཐོ་འགོད་བྱེད་མཁན་རང་ཉིད་ལས་དྲ་བས་འགན་མི་འཁུར། དེ་བས་ཨང་ཐོ་གཞན་ལ་མི་སྒྲོག་པ་དང་གསང་གྲངས་སླར་གསོའི་གོ་རིམ་ཁྲོད་འབྲེལ་ཡོད་ཀྱི་ཡིག་ཚགས་གཞན་ལ་གསང་རྒྱ་བྱེད་རྒྱུ་གལ།

7.བཻ་རོ་དྲ་བའི་རེ་འདོད་ལྟར་ན།  དང་ཐོག་དྲ་བར་ཐོ་འགོད་བྱེད་སྐབས་འབྲེལ་ཡོད་ཀྱི་ཡིག་ཚགས་ཐམས་ཅད་རང་གི་མིང་ཐོག་ནས་ཁ་སྐོང་བྱེད་དགོས། དེ་མིན་རང་ངོས་ནས་དཔེར་ན་གཞན་ཞིག་མངགས་བཅོལ་བྱས་ཏེ་སློབ་ཚན་དང་VIPཉོ་སྒྲུབ་བྱེད་འདོད་ཀྱིས་ཨང་ཐོ་བརྗེ་སྤོར་བྱས་ཀྱང་།  དྲ་བའི་ངོས་ནས་དེ་ཉིད་སྤྱོད་མཁན་གྱི་ཨང་ཐོ་གཞན་ལ་ཤོར་བ་སོགས་སུ་བརྩིས་ཏེ་ཐོ་ཁོངས་ནས་བསུབ་པ་དང་ཡང་ན་ཨང་ཐོ་ནག་པོར་སོགས་སུ་གཡུག་ངེས་པས་དེ་ལུགས་ཐུགས་སུ་འཛིན་དགོས།


བཞི་པ།  དཔྱད་བརྗོད་དང་དྲི་བ་དྲིས་ལན།

སྒྲ་བརྙན་གཟུགས་གསུམ་གྱི་སྡེ་ཚན་གང་ཡིན་ཡང་དཔྱད་བརྗོད་དང་དྲི་བ་འབུལ་སའི་གནས་ཡོད་མོད། དེ་དག་ཏུ་འབྲེལ་ཡོད་ཀྱི་དཔྱད་གཏམ་སྤེལ་བ་དང་དྲི་བ་འདྲི་བ་ལས་གཞན་རྒྱལ་ཁབ་ཀྱི་སྲིད་ཇུས་དང་ཚོ་ཁག་སོ་སོའི་ཁེ་དབང་ལ་རྒོལ་བའི་སྐད་ཆ་ཚིག་གཅིག་ཀྱང་ཡོད་མི་རུང་ལ། རང་རང་གི་དཔྱད་བརྗོད་དང་དྲི་གཞིའི་མིང་ཚིག་གང་ཞིག་ཡོད་པ་དེ་དག་ཡོད་ཚད་མགོ་མཇུག་ཀུན་ཏུ་རང་ཉིད་གཅིག་པུས་འགན་ཁུར་དགོས། གལ་ཏེ་དྲ་བའི་དོ་དམ་པས་ཁྲིམས་སྲིད་ལ་རྒོལ་བའི་མིང་ཚིག་སྣེ་གཅིག་མཐོང་ཚེ་འབྲེལ་ཡོད་ཀྱི་སྤྱོད་མཁན་དེ་རྩད་གཅོད་བྱེད་པའམ་ཐོ་ཁོངས་ནས་དབྱུང་ངེས།


ལྔ་པ། ཁག་ཐེག་བྱ་མི་ནུས་པའི་སྐོར།

1.དྲ་རྒྱ་སྤྱི་ལ་འཕྲད་སྲིད་པའི་ཉེན་ཁ་གང་ཡང་བཻ་རོ་དྲ་བར་འཕྲད་མི་སྲིད་ཅེས་ངེད་དྲ་བས་ཁག་ཐེག་བྱ་མི་ནུས།

2.དྲ་བས་མཁོ་འདོན་བྱས་པའི་ཞབས་ཞུའི་རྣམ་གྲངས་གང་ཡིན་ཡང་འཛད་སྤྱོད་པའི་བློ་འདོད་དང་བརྒྱ་ཆའི་བརྒྱ་བསྟུན་ཐུབ་པ་དང་།  ད་དུང་ཞབས་ཞུའི་རྣམ་གྲངས་རྒྱུན་མི་ཆད་པ་སོགས་མདོར་ན་བདེ་འཇགས་ཀྱི་ཚད་དང་གནད་འཁེལ་གྱི་ཚད་གང་ཡང་ཁག་ཐེག་བྱ་མི་ནུས།

4.དྲ་བར་དུག་སྐྱོན་གྱིས་བཙན་འཛུལ་ཐེབས་པ་སོགས་བཟློག་དཀའ་བའི་རྒྱུ་རྐྱེན་གྱིས་དྲར་འཇུག་མི་ཐུབ་པའི་དོན་དག་ཡོང་ཚེ་བཻ་རོ་དྲ་བར་ཁག་དཀྲི་ས་གང་ཡང་མེད།  འོན་ཀྱང་དྲ་བས་ནུས་ཤུགས་ཡོད་དགུས་བཙན་འཛུལ་འགོག་རྒོལ་དང་འཛད་སྤྱོད་པའི་གྱོང་གུན་སེལ་ཐབས་ལ་འབད་ངེས།


ལྔ་པ། པར་དབང་གསལ་བཤད།

བཻ་རོ་དྲ་བས་མཁོ་འདོན་བྱས་པའི་ཞབས་ཞུའི་རྣམ་གྲངས་ལས་ཡིག་ཚོགས་དང་། འདྲ་པར། རིས་དབྱིབས། སྒྲ་གཟུགས་ཐ་ན་སློབ་མའི་སློབ་ཁྲིད་རྒྱུ་ཆ་སོགས་ཡོངས་རྫོགས་དྲ་བ་རང་གིས་རྩོལ་སྒྲུབ་བྱས་པ་ཤ་སྟག་ཡིན་པས་དེ་དག་ཁྲིམས་མཐུན་གྱི་ངོས་ནས་དམ་སྲུང་བྱེད་པའི་དབང་ཆ་ཡོད།   དེ་བས་དངོས་སུ་གཞུང་འབྲེལ་དྲ་བའི་ཆོག་མཆན་མེད་པར་སྨྱན་བྱེད་སྡེ་ཁག་གཙོས་སྒེར་གཞུང་སུས་ཀྱང་བསྐྱར་བཤུ་བྱེད་པ་དང་བརྒྱུད་འགོད་བྱེད་པ།  ཡང་ན་དེ་དག་བསྒྱུར་བཅོས་བྱེད་པ་སོགས་གང་ཡང་བྱ་མི་ཆོག   སློབ་ཁྲིད་རྒྱུ་ཆ་ཡང་སྒེར་གྱི་གནས་སྐབས་སློབ་སྦྱོང་མཐུན་རྐྱེན་ཙམ་ལས་ཚོང་རྫས་སུ་བཀོལ་སྤྱོད་བྱེད་པའི་དབང་ཆ་མེད།   གལ་ཏེ་གོང་འབྲེལ་གྱི་ཚུལ་མིན་བྱ་སྤྱོད་གང་ཞིག་ཡོད་ཚེ་དྲ་བས་ནུས་ཤུགས་ཡོད་དགུ་བཏོན་ཏེ་རྩད་གཅོད་དང་གྱོང་གུན་གྱི་སྐྱིན་ཚབ་ལེན་ངེས།

 

དྲུ་པ། གསང་རྒྱ་དམ་སྲུང་།

1.གཤམ་གསལ་གྱི་གནས་ཚུལ་མ་ཡིན་པའི་འོག་ནས་དྲ་བས་འཛད་སྤྱོད་པའི་སྒེར་གྱི་ཡིག་ཚགས་གསང་རྒྱ་བྱས་ཏེ་ཕྱི་བསྒྲགས་བྱ་མི་སྲིད།  

(1) འཛད་སྤྱོད་པ་རང་གིས་ཚད་ལྡན་གྱི་བདེན་དཔང་ཡོད་པའི་སྒོ་ནས་སྒེར་གྱི་ཡིག་ཚགས་བསྔོག་ཆོག

(2) ཁྲིམས་ལུགས་ཀྱི་དགོས་མཁོའི་ཐོག་ནས་སྒེར་གྱི་ཡིག་ཚགས་བསྔོག་ཆོག

(3) སྲིད་གཞུང་གི་འབྲེལ་ཡོད་སྡེ་ཁག་གིས་ཁྲིམས་མཐུན་ལྟར་བསྔོག་ཆོག

(4) སྤྱི་ཚོགས་ཧྲིལ་བོའི་བདེ་འཇགས་ཀྱི་ཆེད་དུ་བསྔོག་ཆོག

(5) བཻ་རོ་དྲ་བ་རང་གིས་ཁྲིམས་མཐུན་ལྟར་དྲ་བ་དོ་དམ་བྱ་ཆེད་བསྔོག་ཆོག

2.འོན་ཀྱང་གནས་ཚུལ་ཧ་ཅང་ཚབས་ཆེན་མིན་ཚེ་ངེད་དྲ་བས་གོང་གི་དོན་ཚན་2-5བར་གྱི་སྔོག་བཤེར་ལའང་གཟབ་ནན་གྱིས་འགན་འཁུར་ངེས་ཡིན།

3.སྤྱོད་མཁན་གྱིས་གསང་གྲངས་བརྗེད་པ་དང་བརྗེ་བ་སོགས་ཀྱི་གནས་ཚུལ་འོག་བཻ་རོ་དྲ་བས་བཏང་བའི་བརྡ་འཕྲིན་ནང་དོན་རང་ཉིད་ལས་གཞན་ལ་སྒྲོག་མི་རུང་།


བདུན་པ།  གན་ཆིངས་སྤྱོད་ཡུལ་དང་རིམ་སྤར་ཁ་ཆད།

1.བཻ་རོ་དྲ་བ་དང་དྲ་བའི་འཛད་སྤྱོད་པ་ཕན་ཚུན་གྱི་འབྲེལ་ལམ་ཁྲིམས་མཐུན་ལྟར་བརྟན་བརླིང་ཡོང་ཆེད་གཅིག་མཐུན་གྱི་ཆིངས་ཡིག་འདི་གཏན་དུ་ཕབ་པ་ཞིག་ཡིན། དེ་བས་གན་ཆིངས་བཀོལ་སྤྱོད་ཀྱི་ཁྱབ་ཁོངས་ཀྱང་དྲ་བ་དང་ཐོ་ཞུགས་མི་སྣ་ཁོ་ནར་གོ་དགོས།  

2.རྒྱལ་ཁབ་ཀྱི་སྲིད་ཇུས་འགྱུར་ལྡོག་དང་དེ་མཐུན་གྱི་ཁྲིམས་ལུགས་འགྱུར་བ་ལ་ལྟོས་པའི་སྒོ་ནས་བཻ་རོ་དྲ་བའི་ལས་གཉེར་རྣམ་གྲངས་ཀྱང་འགྱུར་བ་འགྲོ་ངེས། དེར་བརྟེན་གནས་སྐབས་གཏན་ལ་ཕབ་པའི་ཆིངས་ཡིག་འདི་ཡང་དུས་ངེས་མེད་དུ་བསྒྱུར་བཅོས་གཏོང་སྲིད་ཅིང་། དྲ་བའི་འཕྲིན་གསར་བརྒྱུད་དེ་ཆིངས་ཡིག་གསར་བ་ཁྱབ་བསྒྲགས་བྱེད་སྐབས་དོ་སྣང་གནང་རྒྱུ་དང་སྐབས་དེར་ཆིངས་ཡིག་ལ་མི་འཐད་པ་བྱུང་ཚེ་ཐད་ཀར་ཐོ་ཞུགས་མཚམས་འཇོག་བྱ་ཆོག   འོན་ཀྱང་སྔར་རང་གིས་ཉོ་སྒྲུབ་བྱས་པའི་སློབ་ཚན་དག་ལ་བལྟ་བར་ཤུགས་རྐྱེན་གང་ཡང་བཟོ་མི་སྲིད།

3.གན་ཆིངས་འདིའི་ནང་དོན་དང་འབྲེལ་བའི་འགལ་རྐྱེན་བྱུང་ཚེ་ཀྲུང་གོའི་ཁྲིམས་ཁང་སྤྱི་དང་། ཁྱད་པར་དུ་དྲ་བ་ལས་གཉེར་བྱེད་མཁན་(མཚོ་སྔོན་བཻ་རོ་ཙ་ན་རྩིས་འཁོར་གསབ་སྦྱོང་ཞབས་ཞུ་ཚད་ཡོད་སྤྱི་གཉེར་ཁང་)རང་གི་ས་གནས་ཁྲིམས་ཁང་ནས་འགལ་རྐྱེན་བསལ་དགོས།