ཐོ་ཞུགས།ཐོ་འགོད།
ཁ་པར་ཨང་གྲངས་སྤྱད་དེ་ཐོ་ཞུགས་བྱོས།
ཁ་པར་ཨང་གྲངས་ནོར་འདུག
བརྗེ་བ།
རིས་དབྱིབས་ཨང་རིས་ནོར་འདུག བསྐྱར་དུ་འབྲི་རོགས།
ཐོ་ཞུགས།

ཕུལ་བྱུང་དགེ་རྒན།

  • གངས་ཅན་དབྱངས་འཚོ།

    མཁས་མཛངས།:ཇུས་འགོད།、ལོ་ཙཱ།

    སློབ་གྲྭ་ཆུང་འབྲིང་ནས་མཐར་ཕྱིན་རྗེས་བོད་བརྒྱུད་ནང་ཆོས་ཟབ་སྦྱོང་གི་ཞོར་ནས་ཐུན་མོང་རིག་པའི་གནས་སྣ་ཚོགས་ལ་བྱང་བར་སྦྱངས། ༢༠༡༡ལོར་རྭ་རྒྱ་ཤེས་རིག་ནོར་བུ་གླིང་དུ་རྒྱུགས་སྤྲད་དེ་དུས་ཡུན་ལོ་གསུམ་གྱི་རིང་རྒྱ་དབྱིན་དང་རྩིས་འཁོར་ཆེད་སྦྱོང་བྱས་ཐོག་སློབ་གླིང་གི་རྩིས་འཁོར་ཆེད་ལས་དགེ་རྒན་གྱི་འགན་བཞེས། ༢༠༡༥ལོར་བཻ་རོ་ཙ་ན་རྩིས་འཁོར་གསབ་སྦྱོང་གི་ལས་གཞི་འགོ་བཙུགས་ཏེ་ད་ལྟའི་བར་ཡུལ་དངོས་དང་དྲ་ལམ་ཅི་རིགས་ནས་སློབ་མ་སྟོང་ཕྲག་ལས་བརྒལ་བ་གསོ་སྐྱོང་བྱས། བོད་ཀྱི་ཆེས་ཐོག་མའི་Adobeརྒྱལ་སྤྱིའི་ཇུས་འགོད་ཆེད་མཁས་པ་དང་། རྒྱལ་ཁབ་རིམ་པའི་རྩིས་འཕྲུལ་ཆེད་ལས་ལག་རྩལ་པ། བོད་ལྗོངས་བཻ་རོ་ཙ་ན་རྩིས་འཕྲུལ་སློབ་གྲྭའི་སློབ་གཙོ་བཅས་ཡིན།

  • དབྲ་ཁྱུང་དཔལ་བཟང་།

    མཁས་མཛངས།:སྤྱི་ཕན།、ལས་འགུལ།

    དབྲ་ཁྱུང་དཔལ་བཟང་ནི་སི་ཁྲོན་མཛོ་དགེ་ནས་སྐྱེས་ཤིང་། ད་ལྟ་དབྲ་ཁྱུང་ཚང་སྐྱེ་ཁམས་རིག་གནས་དར་སྤེལ་ལྟེ་གནས་ཀྱི་གཙོ་སྒྲུབ་པ་དང་། མཚོ་སྔོན་ཞིང་ཆེན་ཏང་གི་སློབ་གྲྭའི་གདན་ཞུའི་འཆད་ཁྲིད་པ། མཚོ་བོད་མཐོ་སྒང་གི་རྩྭ་ཐང་བདག་སྐྱོང་ལས་འགུལ་ཐོག་མར་མཁན་བཅས་ཡིན། དེའང་ཁོང་གིས་CCTVགཏམ་བཤད་ལེ་ཚན་དང་། པེ་ཅིན་སློབ་ཆེན་གཙོས་བརྙན་འཕྲིན་ཁང་དང་སློབ་གྲྭ་ཆེ་ཁག་ནས་རྩྭ་ཐང་བྱེ་འགོག་གི་ཉམས་མྱོང་དང་གོ་རྟོགས་རྒྱ་ཆེར་སྤེལ། ༢༠༡༧ལོར་CCTVགཙོ་སྒྲུབ་བྱས་པའི་《འབྲོག་མི་དཔལ་བཟང་》ཞེས་པར་མཉམ་འབྲེལ་རྒྱལ་ཚོགས་ཀྱི་གནམ་གཤིས་ཚོགས་ཆེན་བྱ་དགའ་ཐོབ། གཞན་ཡང་སྔ་ཕྱིར་ཁོང་གིས་སི་ཁྲོན་མཛོ་དགེ་གཙོས་ཀན་སུའུ་རྨ་ཆུ་དང་མཚོ་སྔོན་མང་ར་རྫོང་དང་། ཆུ་དམར་ལེབ་རྫོང་སོགས་བོད་ཁུལ་གྱི་ས་གནས་སོ་སོར་བྱེ་འགོག་གི་ལས་འགུལ་སྤེལ་མྱོང་།

  • ལེ་ཅང་རོན།

    མཁས་མཛངས།:རྒྱ་ཡིག、དབྱིན་ཡིག、རི་མོ།

    བརྡ་གྲོལ་གླིང་སློབ་གྲྭ་གསར་གཏོད་པ།དངོས་གཞིའི་ཚན་ཁག་གི་སློབ་ཐོན་པ། རྒྱ་ཡིག་སྤྱི་སྐད་མཐོ་རིམ་གྱི་རིམ་པ་གཉིས་པ། རྒྱ་དབྱིན་སྐད་རིགས་སློབ་ཁྲིད་ཀྱི་བྱ་བ་གཉེར་མཁན་བཅས་ཡིན། ལྷག་ཏུ་ལོ་༨ཡུན་དུ་རྒྱ་བོད་སློབ་གསོའི་བྱ་བ་བསྒྲུབས་ཏེ་སློབ་གསོ་དང་འཆད་ཁྲིད་སྐོར་ལ་ཉམས་མྱོང་ལྡན་པ་དང་། བོད་རྒྱ་རིག་གནས་སྐོར་ལ་རྒྱུས་ལོན་དང་འདྲེས་མངའ་ཡོད་པ་ཞིག་ཡིན། སློབ་གསོའི་འདུ་ཤེས་ནི། བཤེས་གཉེན་ཟེར་བ་ནི་རྨོངས་པ་སེལ་མཁན་ཞིག་དང་། སློབ་གསོ་ནི་དྲོད་ཁོལ་ལྡན་པ་ཞིག་ཡིན་འོས། སློབ་གསོའི་ལས་དོན་གཉེར་མཁན་ནི་རྨོངས་པ་རྣམས་ལ་ལམ་སྟོན་བྱེད་པའི་སྒྲོན་མེ་ཞིག་ཡིན།

  • ཕུན་ཚོགས་སྐྱིད།

    མཁས་མཛངས།:རྩིས་འཁོར་དགེ་རྒན།、སྙན་སྒྲོན་པ།

    ༢༠༡༦ལོར་རྩིས་འཁོར་གྱི་རྒྱུན་སྤྱོད་ཆེད་ལས་(计算机应用技术)ལེགས་པར་སྦྱངས་ནས་ཅིང་ཞུའུ་ཤིན་ཡིའུ་(江西新余学院)སློབ་གླིང་ནས་སློབ་མཐར་ཕྱིན། སློབ་གླིང་ནས་ཕུལ་བྱུང་སློབ་མའི་བྱ་དགའ་སོགས་བྱ་དགའ་མང་པོ་ཐོབ་མྱོང་། མཐར་ཕྱིན་རྗེས་རྨ་ཆུ་རྫོང་བཅའ་སྡོད་སློབ་ཆུང་གཉིས་པ་ནས་ལོ་གཉིས་ལྷག་ཏུ་རྩིས་འཁོར་དགེ་རྒན་བྱས་ཏེ་སློབ་གྲྭའི་ཕུལ་བྱུང་རྩིས་འཁོར་དགེ་རྒན་གྱི་བྱ་དགའ་ཡང་ཐོབ། རྩིས་འཁོར་གྱི་ཉེར་སྤྱོད་དང་ཇུས་འགོད་ཀྱི་རིགས་ལ་ཉམས་མྱོང་ཟབ་མོ་ལྡན།