ཐོ་ཞུགས།ཐོ་འགོད།
ཁ་པར་ཨང་གྲངས་སྤྱད་དེ་ཐོ་ཞུགས་བྱོས།
ཁ་པར་ཨང་གྲངས་ནོར་འདུག
བརྗེ་བ།
རིས་དབྱིབས་ཨང་རིས་ནོར་འདུག བསྐྱར་དུ་འབྲི་རོགས།
ཐོ་ཞུགས།

དགེ་རྒན་ནང་འཇུག

     དང་པོ།  སློབ་ཁྲིད་གྲ་སྒྲིག་སྐོར།

1.བརྙན་ཕབ།

(1)བརྙན་ཕབ་བྱ་བའི་ཁོར་ཡུག

སློབ་ཚན་བརྙན་ཕབ་བྱེད་སྐབས་ངེས་པར་དུ་ལྷིང་འཇགས་ཀྱི་ཁོར་ཡུག་ཅིག་གྲ་བསྒྲིགས་བྱས་ཏེ་བརྙན་ཕབ་སྒྲིག་ཆས་ཀྱི་བྱེད་ནུས་སྒྲིག་འགོད་ཚུལ་བཞིན་བྱ་དགོས།

(2)བརྙན་ཕབ་མཉེན་ཆས།

སློབ་ཁྲིད་བརྙན་ཕབ་ལ་རིགས་གཉིས་ཡོད་ཅིང་མ་ལག་དང་མཉེན་ཆས་སོགས་ཀྱི་བཀོལ་སྤྱོད་སློབ་ཁྲིད་ཕལ་ཆེར་འཆར་ངོས་བརྙན་ཕབ་ཀྱི་ལས་རིམ་འདི་བརྒྱུད་དགོས།  འཆར་ངོས་བརྙན་ཕབ་བྱ་དགོས་ཚེ་ངེས་པར་དུ་གཅིག་གྱུར་མཉེན་ཆས་“Camtasia”སྤྱད་དེ་བརྙན་ཕབ་བྱ་དགོས་ཤིང་། སྤྱོད་ཚུལ་སྐོར་གྱི་སློབ་ཁྲིད་བཻ་རོ་དྲ་བ་རང་གིས་ཞལ་ཁྲིད་བྱ་ངེས་པར་མ་ཟད། བརྙན་ཕབ་བྱེད་པའི་གོ་རིམ་ཁྲོད་སྤྱོད་ཚུལ་མ་ཤེས་པའི་གནད་དོན་དག་དྲ་བའི་འབྲེལ་ཡོད་དོ་དམ་པར་འདྲི་ཆོག  གཞན་ཡང་ཡུལ་དངོས་བརྙན་ཕབ་བྱེད་སྐབས་ངེས་པར་དུ་ཆེད་ལས་སྒྲིག་ཆས་བཀོལ་ཏེ་བརྙན་གྱི་རྒྱུ་སྤུས་ལ་ཁག་ཐེག་བྱ་དགོས།  

(3)བརྙན་གྱི་ཆ་ཚད་དང་གཏུབ་གཅོད།

བརྙན་ཕབ་སྟངས་རིགས་གང་ཡིན་ཡང་བརྙན་གྱི་ཆ་ཚད་1920×1080དང་། ཉར་གསོག་གི་རྣམ་པ་“MP4”ཡིན་དགོས་ཤིང་སྤྱིའི་གསལ་ཚད་ངེས་པར་དུ་མཐོ་དགོས།  མུ་འབྲེལ་རང་བཞིན་ནམ་དཀར་ཆག་ཅན་གྱི་སློབ་ཁྲིད་ཡིན་ཕྱིན་སློབ་ཚན་རེ་རེའི་དུས་ཡུན་སྐར་མ་20ལས་བརྒལ་མི་རུང་། དེ་ལས་གཞན་ཐུན་གཅིག་སློབ་ཚན་ཡིན་ཕྱིན་དུས་ཡུན་60ལས་བརྒལ་མི་རུང་།


     གཉིས་པ།  སློབ་ཁྲིད་རྒྱུ་སྤུས་སྐོར།

1.སྤུས་ཚད།

(1)གསར་གཏོད་རང་བཞིན།

སློབ་ཁྲིད་ཀྱི་བརྗོད་བྱའི་ནང་དོན་ལ་ཆ་རྐྱེན་གསུམ་ཚང་དགོས་ཏེ། བསྐྱར་བཤད་ལད་ཟློས་བྱེད་པ་དང་ཡང་ན་གཞན་གྱི་པར་དབང་རྐུ་བཤུ་བྱས་པ་ལྟ་བུ་མ་ཡིན་པར་བརྗོད་སྙིང་སྤྱིའི་ཐད་དུ་གསར་བཏོད་ཀྱི་ཁྱད་ཆོས་ཡོད་དགོས།  

(2)བཀོལ་སྤྱོད་རང་བཞིན།

གང་ཞིག་འཆད་བྱའི་དོན་དེ་སྤྱི་ཚོགས་ཀྱི་འཚོ་བ་སྤྱི་དང་ལས་རིགས་བྱེ་བྲག་པར་ཐད་ཀར་འབྲེལ་བ་བ་ཡོད་པའི་བཀོལ་སྤྱོད་ཀྱི་ཁྱད་ཆོས་ལྡན་དགོས།

(3)ཆེད་ལས་ཀྱི་རང་བཞིན།

འཁྲིད་བྱའི་དོན་དེར་བྱང་བ་དང་བརྡ་སྤྲོད་ཀྱི་ཐད་ནས་སྒྲ་དག་གསལ་གསུམ་གྱི་ཁྱད་ཆོས་འཛོམས་པའི་ཆེད་ལས་ཀྱི་རང་བཞིན་ལྡན་དགོས།

དོ་སྣང་བྱ་ཡུལ།

སློབ་ཚན་རྒྱུ་ཆ་རང་གིས་གཙོ་སྒྲུབ་བྱས་པ་ཞིག་ལས་པར་དབང་གི་གནད་དོན་ཡོད་ཚེ་དགེ་རྒན་རང་གིས་འགན་སྲུང་བྱ་དགོས།  ཞལ་ཁྲིད་གནང་སྐབས་ཁྲིམས་མཐུན་གྱི་སྤྱོད་ལམ་མགོ་མཇུག་ཀུན་ཏུ་འདོར་མི་རུང་།


     གསུམ་པ།  སློབ་ཁྲིད་རྒྱུ་སྤུས་སྐོར།

(1)མུ་འབྲེལ།

མུ་འབྲེལ་སློབ་ཚན་ཞེས་པ་ནི་ཁྲིད་གཞི་གཅིག་ལས་འཕྲོས་ཏེ་གོ་རིམ་རང་བཞིན་ཅན་གྱི་སློབ་ཚན་ཞིག་ཡིན། (དཔེར་ན་སློབ་ཚན་དེར་དཀར་ཆག་དང་པོ་ནས་བཅུ་བར་ཡོད་པ་ལྟ་བུ།)  འོན་ཀྱང་མུ་འབྲེལ་སློབ་ཚན་གྱི་ནང་གསེས་དཀར་ཆག་ལ་ཚད་བཀག་མེད་ཀྱང་སློབ་ཐུན་རེ་རེའི་དུས་ཡུན་གོང་གསལ་ལྟར་ཡོང་དགོས།

(2)ཐུན་གཅིག

ཐུན་གཅིག་སློབ་ཚན་ནི་བརྗོད་གཞི་གཅིག་སློབ་ཐུན་གཅིག་གིས་འགྲུབ་པར་བྱས་པའི་སློབ་ཚན་རིགས་ཤིག་ཡིན་ལ། འདིར་སློབ་ཚན་གྱི་དཀར་ཆག་ཟེར་བ་མེད་ཀྱང་འབྲེལ་ཡོད་ཀྱི་སློབ་ཚན་དུ་མ་ཡོད་ཆོག ད་དུང་དུས་ཡུན་ཐད་མུ་འབྲེལ་སློབ་ཚན་དང་མི་འདྲ་བར་ཅུང་དམིགས་བསལ་ཡོད།


     བཞི་པ།  སློབ་ཁྲིད་དྲ་བར་འགོད་ཐབས།

 སློབ་ཚན་དྲ་བར་འགོད་སྐབས་ཡིག་ཆ་བཙིར་གནོན་བྱས་ཏེ་“vairohome@qq.com”ཡིག་ཟམ་འདིར་བསྐུར་དགོས་ཤིང་སློབ་ཚན་ཁ་བྱང་དང་དྲ་བའི་སློབ་ཚན་རིགས་གང་དུ་གཏོགས་པ་སོགས་“སློབ་ཐུན་འབུལ་སྤྲོད་ཀྱི་རེའུ་མིག”ལྟར་ཁ་སྐོང་བྱས་ཏེ་སྐུར་དགོས།

གོང་གསལ་ལྟར་སློབ་ཚན་དང་གསལ་བཤད་ཡིག་ཆ། སློབ་ཚན་གྱི་འབྲེལ་ཡོད་རྒྱུ་ཆ་སོགས་ཡིག་སྒམ་གཅིག་ཏུ་བཅུག་ཏེ་བསྐུར་དགོས།  བསྐུར་ནས་དུས་ཚོད་ཉེར་བཞིའི་ནང་ལ་དྲ་བ་དོ་དམ་ཚོ་ཆུང་གིས་དག་ཐེར་བྱས་ཏེ་གནས་ཚུལ་ལན་གསལ་བོར་སྤྲོད་ངེས།

(གནས་སྐབས་ཕབ་ལེན་ནང་དོན་སྐོང་མེད།)

ཕབ་ལེན།