ཐོ་ཞུགས།ཐོ་འགོད།
ཁ་པར་ཨང་གྲངས་སྤྱད་དེ་ཐོ་ཞུགས་བྱོས།
ཁ་པར་ཨང་གྲངས་ནོར་འདུག
བརྗེ་བ།
རིས་དབྱིབས་ཨང་རིས་ནོར་འདུག བསྐྱར་དུ་འབྲི་རོགས།
ཐོ་ཞུགས།

པར་དབང་གསལ་བཤད།

པར་དབང་གསལ་བཤད།

བཻ་རོ་དྲ་བས་གཙོ་སྒྲུབ་བྱས་པའི་དྲ་བའི་བརྩམས་ཆོས་དང་ཕབ་ལེན་བྱ་ཆོག་པའི་རྒྱུ་ཆ་གང་ཡིན་ཡང་ཤེས་རིག་ཐོན་དངོས་ཀྱི་བདག་དབང་ལ་ཅིས་ཀྱང་མཐོང་ཆེན་དང་སྲུང་སྐྱོབ་བྱ་དགོས།

དེ་བས་བཻ་རོ་དྲ་བ་རང་ངོས་ནས་ཀྱང་དྲ་བའི་ཞབས་ཞུ་འདོན་སྤྲོད་མཁན་ཞིག་ཡིན་རྐྱེན། ངེད་ཀྱི་དྲ་བར་གཞན་གྱི་བདག་དང་འབྲེལ་བའི་བརྩམས་ཆོས་ཡོད་པ་མཐོང་འཕྲལ་ཐད་ཀར་འབྲེལ་ལམ་བརྒྱུད་དེ་ཐེར་འདོན་བྱ་ཆོག་ཅིང་། དྲ་བས་བདག་དབང་ར་སྤྲོད་ཀྱི་ཆ་རྐྱེན་ལ་བརྟེན་ནས་དྲ་བ་ནས་བསུབ་པ་དང་ཁྲིམས་མཐུན་གྱི་ཉེས་ཆད་དང་ལེན་བྱ་ངེས། 

བཻ་རོ་དྲ་བ་སྤྱོད་མཁན་དག་གིས་ནམ་རྒྱུན་དྲ་བར་འཛུལ་ཞུགས་བྱེད་སྐབས་ངེས་པར་དུ་གཤམ་གསལ་གྱི་དོན་ཚན་འདི་དག་ལ་བརྩི་སྲུང་བྱ་དགོས།  གལ་ཏེ་བརྩི་སྲུང་མི་བྱེད་པའི་སྒྲིག་འགལ་མཁན་ཡོད་ཚེ་ཐད་ཀར་ཨང་ཐོ་ནས་བསུབ་རྒྱུ་ཡིན།

1.བཻ་རོ་དྲ་བའི་ཐོན་ཁུངས་བེད་སྤྱོད་བཏང་སྟེ་འབྲེལ་ཡོད་དྲ་བ་གཞན་ལ་ཤུགས་རྐྱེན་ངན་པ་འཇོག་མི་རུང་།

2.དྲི་བ་དང་དཔྱད་བརྗོད། སྐད་འཇོག་གནས་སུ་ཆ་འཕྲིན་རྫུན་མ་དང་ཚིག་རྩུབ། ཁྲིམས་སྲིད་ལ་འགལ་བའི་ཡིག་རིས་འགོད་མི་ཆོག

3.སློབ་མའི་ཚོམས་དང་དམིགས་བསལ་བྱ་འགུལ་སོགས་སུ་གཞན་གྱི་ཤེས་རིག་བདག་དབང་།  བརྩམས་ཆོས་བདག་དབང་། ཚོང་རྟགས་བདག་དབང་།  མཚན་སྙན་བདག་དབང་། འདྲ་པར་བདག་དབང་། གསང་རྒྱའི་བདག་དབང་། རིག་དངོས་བདག་དབང་སོགས་ལ་རྒོལ་བའི་ཡིག་རིས་གང་ཡང་སྤྱོད་མི་ཆོག

4.སློབ་ཚན་གྱི་ཟིན་བྲིས་དང་རྒྱུ་ཆ་དག་སྤྱོད་མཁན་རང་ཉིད་ལས་གཞན་ལ་བརྒྱུད་བསྒྲགས་དང་ཚོང་རྫས་སོགས་སུ་བཀོལ་མི་རུང་།

5.དྲ་བའི་འཛད་སྤྱོད་པས་རང་གི་ཨང་ཐོ་དམ་སྲུང་མི་བྱེད་པར་གཞན་ལ་བརྒྱུད་ཚོང་སོགས་བྱ་མི་རུང་།

6.དྲ་བའི་སྒྲ་གཟུགས་སློབ་ཚན་གང་ཡིན་ཡང་དྲ་བ་རང་ཉིད་ལས་གཞན་གྱིས་ཕྱིར་ཚོང་དང་གླ་ཚོང་། གཡར་པོ། བགོ་ཚོང་སོགས་གང་ཡང་བྱ་མི་ཆོག