མཚོ་སྔོན་དགེ་ཐོན་སློབ་ཆེན་གྱི་དབྱིན་ཡིག་ཆེད་ལས་སྡེ་ཁག་ནས་མཐར་ཕྱིན་ཞིང་ཨ་རིར་སློབ་གྲྭར་འགྲིམ་མྱོང་། མཚོ་སྔོན་བརྙན་འཕྲིན་ཁང་གི་འཚོ་བའི་ལམ་ཡིག་ལེ་ཚན་གྱི་མགོ་འཛིན་པ་དང་རྩོམ་སྒྲིག་པ། ལེ་ཚན་གྱི་ངོ་བོ་དམངས་ཕན་རང་བཞིན་ཡིན་པའི་བདེ་ཐང་འཛུབ་སྟོན་དང་། ཁྲིམས་ལུགས་ཤེས་བྱ། འཚོ་བའི་རྒྱུན་ཤེས་སོགས་སྤྱི་ཕན་ཞབས་ཞུའི་བྱ་བ་གང་མང་དང་། བོད་ཁུལ་དུ་སློབ་གསོ་དང་འཕྲོད་བསྟེན་གྱི་ལས་གཞི་ཡང་བསྒྲུབས་མྱོང་ཡོད། ད་ལྟ་རང་གི་ལས་ཀའི་ཞོར་ཏུ་ཨ་ཅག་འཕགས་མའི་གྲོགས་མོ་གཞན་དག་དང་ལྷན་དུ་བོད་ཁུལ་གྱི་བུད་མེད་དག་ལ་རང་ནུས་ཀྱིས་ཞབས་ཞུ་རེ་ཨེ་འགྲུབ་འབད་བཞིན་ཡོད།