སྒོ་མེ་སངས་རྒྱས་ལྷ་མཆོག་ནི་ཕ་ཡུལ་མཚོ་སྔོན་ཁྲི་ཀ་ནས་སྐྱེས་ཤིང་། ཆུང་དུས་སུ་སློབ་གྲྭར་འགྲིམ་ཞིང་། བོད་ཀྱི་སྲོལ་རྒྱུན་རིག་གནས་ལའང་དགོན་སྡེ་ཁག་ནས་སྦྱང་བ་མི་དམན་པ་བྱས། ཕྱི་རྒྱལ་དུ་ཕྱིན་ནས་དབྱིན་ཡིག་ལ་སྦྱང་བ་བྱས་ཤིང་། ནུབ་ཕྱོགས་རྩོམ་རིག་ལ་སྦྱང་བ་བྱས་ཏེ་ཤེས་རམས་ཞིབ་འཇུག་སློབ་མའི་བསླབ་གནས་བླངས་ཤིང་། བརྩམས་ཆོས་ལ་2019ལོར་དཔར་བའི་<<གནའ་བོའི་གྷི་རེ་སིའི་རྩོམ་རིག་གི་མཐའ་དཔྱོད་>>ཅེས་པ་དང་། རྩོམ་ཡིག་ལ་སྙན་ངག་དང་དཔྱད་རྩོམ་མང་པོ་ཞིག་བྲིས་ཡོད་ནའང་ཁ་ཤས་མ་གཏོགས་ད་དུང་སྤྱི་ཚོགས་སུ་བཀྲམ་མེད་དོ།།