མདོ་སྨད་མགོ་ལོག་གི་མི། དེང་རབས་རི་མོ་པ། རི་མོ་སྒྱུ་རྩལ་གྱི་གཞུང་ལུགས་སྨྲ་བ། ཨ་རིའི་ཁོ་ལུམ་བྷི་ཡ་གཙུག་ལག་སློབ་ཆེན་གྱི(Columbia University )དགེ་རྒན་ནཱི་ཁེལ•ཝིལ་ལོ་ཁི་ལགས་ཀྱི་དཔེ་དེབ་གྲགས་ཅན《རྩོམ་རིག་གི་དབྱངས་རྟ》(Lineages of the Literary)ཡི་ཕྱི་ཤོག་རི་མོ་འབྲི་མཁན། སྔ་ཕྱིར་ཧྲང་ཧེ་མཛེས་རྩལ་སློབ་གླིང་དང་ཀྲུང་གོ་མཛེས་རྩལ་སློབ་གླིང་སོགས་སུ་སློབ་གཉེར་གནང་མྱོང་། 《ནུབ་ཕྱོགས་རི་མོ་དང་སྒྱུ་རྩལ་》ཅེས་པའི་དཔེ་དེབ་སྒྱུར་པ་པོ།
བོད་ཀྱི་སྐྱེས་ཆེན་མང་པོ་རི་མོར་བྲིས་ཏེ་སྐད་གྲགས་ཆོད་པ་ལ། ཚབ་མཚོན་བརྩམས་ཆོས་སུ་སྣུམ་ཚོན་《པད་མ་ཚེ་བརྟན》དང་སྐྱ་བྲིས《པཎ་ཆེན་རིན་པོ་ཆེ་》སོགས་ཡོད།