སྐྱབས་ཆེན་བདེ་གྲོལ། བོད་ཀྱི་དེང་རབས་སྙན་ངག་པ་དང་རྩོམ་པ་པོ། 1977ལོར་མདོ་སྨད་ཁྲོ་ཁོ་ཆུ་ཁ་མ་ཞེས་པའི་འབྲོག་སྡེ་ཞིག་ནས་སྐྱེས། ད་ལྟའི་བར་དུ་སྙན་ངག་དང་སྒྲུང་རིང་ཐུང་། ལྷུག་རྩོམ། དཔྱད་གཏམ། འཁྲབ་གཞུང་། འགྱུར་རྩོམ་སོགས་ཁ་གྲངས་ཉིས་སྟོང་ལྷག་བརྒལ་བ་བརྩམས། སྙན་དེབ《མི་རྟག་པ》དང་《བར་སྐོར་གྱི་ཆང་ཁང》། སྒྲུང་དེབ《གླུ་སྐད་སྐྱ་བོ》དང་《གངས་འདབས་ཀྱི་དུར་ཁྲོད་དང་ཤམ་བྷ་ལའི་བྱ་རྒོད》སོགས་དཔེ་སྐྲུན་བྱས།