TEDཞེས་པ་ནི་བསམ་བློའི་བརྗོད་གཞི་སྣ་ཚོགས་འདུས་པའི་འཛམ་གླིང་གི་བགྲོ་གླེང་གྲོས་ཚོགས་ཆེ་ཤོས་ཤིག་སྟེ། ༡༩༨༤ལོ་ནས་བཟུང་ལག་རྩལ་དང་། རོལ་རྩེད། འཆར་འགོད་བཅས་ཀྱི་བརྗོད་དོན་ལྷུར་བླངས་ཏེ་རྒྱལ་ཁབ་དང་མི་རིགས་སོ་སོའི་མཛད་རྗེས་མཐོ་བའི་མི་སྣ་གལ་ཆེན་དག་གིས་རང་རང་གི་འཚོ་བའི་རྒྱུད་རིམ་དངོས་ལ་སྦྱར་ནས་གླེང་གཞི་རིན་ཐང་ཅན་སྣ་ཚོགས་འདོན་ཡུལ་ཞིག་ཏུ་ཆགས་ཡོད། གཏམ་བཤད་ཀྱི་ཐབས་རྩལ་དང་དུས་ཚོད་བཀོད་སྒྲིག་སོགས་ཀྱིས་གཟིགས་མོ་བའི་དྲན་དབང་འགུགས་ཤུགས་ཀྱི་ནུས་པ་བླ་ལྷག་ཡོད་པར་བརྟེན། མིག་སྔར་འཛམ་གླིང་གི་སྐད་རིགས་བརྒྱ་དང་བཅུ་ཕྲག་ལྷག་གི་ནང་དུ་TEDདང་འབྲེལ་བའི་བརྙན་ཐུང་དང་རེག་ཟིག་གིས་མ་ཁྱབ་པ་མེད། གཞན་ཡང་ཚོགས་པ་འདི་ཉིད་ཏང་གི་ཤོག་ཁག་དང་སྒེར་གཉེར་ཁེ་ལས་ཀྱི་རིགས་གང་ཡང་མིན་སྟབས་རྒྱལ་ཁབ་ངེས་མེད་དུ་འཛུགས་སྒྲུབ་བྱེད་ཀྱིན་ཡོད་པར་མ་ཟད། དུས་མཚུངས་སུ་TEDxཞེས་པའི་TEDདང་རིགས་མཚུངས་ཀྱི་ཚོགས་པའི་ཡན་ལག་ཀྱང་རྒྱལ་ཁོངས་དང་ས་གནས་མི་གཅིག་པ་གང་མང་ལ་སྤེལ་མུས་སུ་ཡོད།