བཻ་རོ་ཙ་ན་སློབ་གསོའི་དྲ་བ།

འཕྲིན་གསར།

དེ་རིང་ནས་བཻ་རོ་ཙ་ན་སློབ་གསོའི་དྲ་བ་དངོས་སུ་ཚོད་ལྟའི་ཤར་གཏོང་བྱས་ཡོད། བེེ་རོ་ཙ་ན་སློབ་གསོའི་དྲ་བའི་བལྟ་གྲངས་མང་བའི་སློབ་ཁྲིད། བསླབ་བདེ་བའི་རྒྱ་སྐད་ལ་འཇུག་ཐབས། དགའ་ཕྱོགས་དང་དུ་བླངས་ནས་འབད་པར་བྱེད། ཆེད་ལས་རང་བཞིན་གྱི་མི་སྣ་མཛེས་བཟོ། སྤྱི་ཚོགས་ཁྲོད་ཁྱབ་རྒྱ་ཆེ་བའི་ཉེར་མཁོའི་སློབ་ཁྲིད། བེེ་རོ་ཙ་ན་སློབ་གསོའི་དྲ་བའི་བལྟ་ཀློག་མང་གྲས། སྤྱི་ཚོགས་ཁྲོད་རྒྱུགས་ཆེ་བའི་ཉེར་མཁོ་སློབ་ཁྲིད།

ལེ་ཚན་གསར་ཤོས།སློབ་ཚན་36ཡོད།

སློབ་ཚན་གཞན་དག

སློབ་ཚན་ཆེད་འགོད།སློབ་ཚན་30ཡོད།

སློབ་ཚན་གཞན་དག

རྨང་གཞི་འཇུག་སྒོ།སློབ་ཚན་12ཡོད།

གཞན་དག

རྨང་གཞི་འཇུག་སྒོ།

འབྲེལ་ཡོད་སློབ་ཚན་ཡོངས།

ཇུས་འགོད་སྒྲིག་བཟོ།སློབ་ཚན་36ཡོད།

གཞན་དག

ཇུས་འགོད་སྒྲིག་བཟོ།

འབྲེལ་ཡོད་སློབ་ཚན་ཡོངས།

སྐད་ཡིག་དགའ་ཚལ།སློབ་ཚན་11ཡོད།

གཞན་དག

སྐད་ཡིག་དགའ་ཚལ།

འབྲེལ་ཡོད་སློབ་ཚན་ཡོངས།

ངའི་དགའ་ཕྱོགས།སློབ་ཚན་12ཡོད།

གཞན་དག

སྒྲོལ་མའི་དབྱིན་ཡིགསློབ་ཚན་19ཡོད།

དེ་ལས་མང་བ།

སྒྲོལ་མའི་དབྱིན་ཡིག

འབྲེལ་ཡོད་སློབ་ཚན་ཡོངས།

མཉེན་ཆས་འཇུག་སྒོ།སློབ་ཚན་0ཡོད།

དེ་ལས་མང་བ།

མཉེན་ཆས་འཇུག་སྒོ།

འབྲེལ་ཡོད་སློབ་ཚན་ཡོངས།

བཻ་རོ་གླེང་སྟེགས།བརྙན་97ཡོད།

TEDབོད་འགྱུར།

སྒྲ་ལྡན་ཆེད་གཏོང་།

ཕུལ་བྱུང་དགེ་རྒན།

ཤེས་བྱ་དང་ཉམས་མྱོང་གིས་ཕྱུག་པའི་དགེ་རྒན་ནི་ཁྱོད་ཀྱི་མི་ཚེའི་བགྲོད་ལམ་དུ་མེད་ཐམས་མེད་པའི་ལམ་སྟོན་གྱི་སྒྲོན་མེ་གཅིག་པུ་དེ་ཡིན་སྲིད།

  • གངས་ཅན་དབྱངས་འཚོ།

  • དབྲ་ཁྱུང་དཔལ་བཟང་།

  • ཚེ་དབང་བཀྲ་ཤིས།

  • སྐྱབས་ཆེན་བདེ་གྲོལ།

  • ཆོས་རྡོར།

  • གངས་ཅན་དབྱངས་འཚོ། ཇུས་འགོད། ལོ་ཙཱ།

    སློབ་གྲྭ་ཆུང་འབྲིང་ནས་མཐར་ཕྱིན་རྗེས་བོད་བརྒྱུད་ནང་ཆོས་ཟབ་སྦྱོང་གི་ཞོར་ནས་ཐུན་མོང་རིག་པའི་གནས་སྣ་ཚོགས་ལ་བྱང་བར་སྦྱངས། ༢༠༡༡ལོར་རྭ་རྒྱ་ཤེས་རིག་ནོར་བུ་གླིང་དུ་རྒྱུགས་སྤྲད་དེ་དུས་ཡུན་ལོ་གསུམ་གྱི་རིང་རྒྱ་དབྱིན་དང་རྩིས་འཁོར་ཆེད་སྦྱོང་བྱས་ཐོག་སློབ་གླིང་གི་རྩིས་འཁོར་ཆེད་ལས་དགེ་རྒན་གྱི་འགན་བཞེས། ༢༠༡༥ལོར་བཻ་རོ་ཙ་ན་རྩིས་འཁོར་གསབ་སྦྱོང་གི་ལས་གཞི་འགོ་བཙུགས་ཏེ་ད་ལྟའི་བར་ཡུལ་དངོས་དང་དྲ་ལམ་ཅི་རིགས་ནས་སློབ་མ་སྟོང་ཕྲག་ལས་བརྒལ་བ་གསོ་སྐྱོང་བྱས། བོད་ཀྱི་ཆེས་ཐོག་མའི་Adobeརྒྱལ་སྤྱིའི་ཇུས་འགོད་ཆེད་མཁས་པ་དང་། རྒྱལ་ཁབ་རིམ་པའི་རྩིས་འཕྲུལ་ཆེད་ལས་ལག་རྩལ་པ། བོད་ལྗོངས་བཻ་རོ་ཙ་ན་རྩིས་འཕྲུལ་སློབ་གྲྭའི་སློབ་གཙོ་བཅས་ཡིན།

  • དབྲ་ཁྱུང་དཔལ་བཟང་། སྤྱི་ཕན། ལས་འགུལ།

    དབྲ་ཁྱུང་དཔལ་བཟང་ནི་སི་ཁྲོན་མཛོ་དགེ་ནས་སྐྱེས་ཤིང་། ད་ལྟ་དབྲ་ཁྱུང་ཚང་སྐྱེ་ཁམས་རིག་གནས་དར་སྤེལ་ལྟེ་གནས་ཀྱི་གཙོ་སྒྲུབ་པ་དང་། མཚོ་སྔོན་ཞིང་ཆེན་ཏང་གི་སློབ་གྲྭའི་གདན་ཞུའི་འཆད་ཁྲིད་པ། མཚོ་བོད་མཐོ་སྒང་གི་རྩྭ་ཐང་བདག་སྐྱོང་ལས་འགུལ་ཐོག་མར་མཁན་བཅས་ཡིན། དེའང་ཁོང་གིས་CCTVགཏམ་བཤད་ལེ་ཚན་དང་། པེ་ཅིན་སློབ་ཆེན་གཙོས་བརྙན་འཕྲིན་ཁང་དང་སློབ་གྲྭ་ཆེ་ཁག་ནས་རྩྭ་ཐང་བྱེ་འགོག་གི་ཉམས་མྱོང་དང་གོ་རྟོགས་རྒྱ་ཆེར་སྤེལ། ༢༠༡༧ལོར་CCTVགཙོ་སྒྲུབ་བྱས་པའི་《འབྲོག་མི་དཔལ་བཟང་》ཞེས་པར་མཉམ་འབྲེལ་རྒྱལ་ཚོགས་ཀྱི་གནམ་གཤིས་ཚོགས་ཆེན་བྱ་དགའ་ཐོབ། གཞན་ཡང་སྔ་ཕྱིར་ཁོང་གིས་སི་ཁྲོན་མཛོ་དགེ་གཙོས་ཀན་སུའུ་རྨ་ཆུ་དང་མཚོ་སྔོན་མང་ར་རྫོང་དང་། ཆུ་དམར་ལེབ་རྫོང་སོགས་བོད་ཁུལ་གྱི་ས་གནས་སོ་སོར་བྱེ་འགོག་གི་ལས་འགུལ་སྤེལ་མྱོང་།

  • ཚེ་དབང་བཀྲ་ཤིས། བརྡ་སྤྲོད་སྨྲ་བ། ལོ་རྒྱུས་སྨྲ་བ།

    སྤྱི་ལོ་1979ལོར་ཁམས་ཡུལ་ཤུལ་དུ་སྐྱེས། སྤྱི་ལོ་1995ལོ་ནས་གསེར་ཐང་བླ་རུང་ལྔ་རིག་ནང་བསྟན་སློབ་གླིང་ནས་སློབ་སྦྱོང་བྱས་ཏེ། སྤྱི་ལོ་2007ལོར་མཁན་པོའི་ཐོབ་ཐང་བླངས། སྤྱི་ལོ་2007ལོ་ནས་2013ལོའི་བར་དུ་བཀའ་བརྒྱུད་འཛིན་གྲྭའི་བདག་གཉེར་དང་དཔེ་ཁྲིད་མཁན་པོའི་འགན་བཞེས། སྤྱི་ལོ་2014ནས་2018བར་ཡུལ་ཤུལ་ཁུལ་བོད་ཡིག་ཆེད་སྦྱོང་སློབ་ཆེན་སྡེ་ཁག་ཏུ་དགེ་རྒན་བགྱིས། སྤྱི་ལོ་2018ལོ་ནས་ཧི་མ་ལ་ཡའི་རིག་གནས་སྒྱུ་རྩལ་ལྟེ་གནས་ཁང་གི་རིག་མཛོད་ཞུས་ཆེན་དང་རྩོམ་སྒྲིག་གི་བྱ་བར་ཞུགས། བརྩམས་ཆོས་ལ་《ནང་བསྟན་རིག་པའི་སྤྱི་བཤད་》དང་། 《ངོ་མཚར་བའི་འཇིག་རྟེན་གྱི་གསང་བ་》 《མཐོ་བོད་ཀྱི་ལོ་རྒྱུས་རྣམ་བཤད་》 《ལོ་རྒྱུས་རིག་པའི་ལྡེ་མིག》 《རྒྱལ་དབང་མི་བསྐྱོད་པའི་གསུང་རབ་ལ་འཇུག་པའི་སྒོ་》 《བོད་ཀྱི་བརྡ་སྤྲོད་རིག་པ་》སོགས་ཡོད་དོ།།

  • སྐྱབས་ཆེན་བདེ་གྲོལ། རྩོམ་པ་པོ། སྙན་ངག་པ།

    སྐྱབས་ཆེན་བདེ་གྲོལ། བོད་ཀྱི་དེང་རབས་སྙན་ངག་པ་དང་རྩོམ་པ་པོ། 1977ལོར་མདོ་སྨད་ཁྲོ་ཁོ་ཆུ་ཁ་མ་ཞེས་པའི་འབྲོག་སྡེ་ཞིག་ནས་སྐྱེས། ད་ལྟའི་བར་དུ་སྙན་ངག་དང་སྒྲུང་རིང་ཐུང་། ལྷུག་རྩོམ། དཔྱད་གཏམ། འཁྲབ་གཞུང་། འགྱུར་རྩོམ་སོགས་ཁ་གྲངས་ཉིས་སྟོང་ལྷག་བརྒལ་བ་བརྩམས། སྙན་དེབ《མི་རྟག་པ》དང་《བར་སྐོར་གྱི་ཆང་ཁང》། སྒྲུང་དེབ《གླུ་སྐད་སྐྱ་བོ》དང་《གངས་འདབས་ཀྱི་དུར་ཁྲོད་དང་ཤམ་བྷ་ལའི་བྱ་རྒོད》སོགས་དཔེ་སྐྲུན་བྱས།

  • ཆོས་རྡོར། རྩོམ་པ་པོ། དགེ་རྒན།

    ༡༩༨༨ལོར་བོད་ལྗོངས་འཇོ་མདའ་རྫོང་སྟག་གཟིག་གྲོང་དུ་སྐྱེས། ལོ་བཅུ་གསུམ་ནས་བཤད་གྲྭ་ཁག་དུ་མ་འགྲིམ་ཞིང་། ཁྱད་པར་དུ་རྫོང་སར་ལྔ་རིག་སློབ་གླིང་ནས་ལོ་བཅུ་གཅིག་རིང་སློབ་སྦྱོང་བསྟུད་མར་བྱས། དེའི་རིང་། བརྡ་སྤྲོད། སྙན་ངག སྐར་རྩིས། མདོ་ཕྱོགས་ཀྱི་གཞུང་ཆེན་ཁག་ལྔ་བཅས་སློབ་མཐར་ཕྱིན་ཞིང་། རྒྱུད་སྡེའི་སྐོར་ལ་ཡང་ཐོས་བསམ་ངེས་ཅན་ཞིག་བྱས། རང་ལོ་ཉེར་གཉིས་ནས་ཉེར་དྲུག་བར། སློབ་གླིང་དེ་ནས་སྐྱོར་དཔོན་དང་སློབ་ཁྲིད་དགེ་རྒན་གྱི་འགན་བཞེས། དེ་རྗེས་རང་གི་འདོད་པ་ལྟར་སྐྱ་སར་བབས། ༢༠༡༨ ལོར་རང་ཉིད་ཀྱི་ལྟ་བ་དང་ལངས་ཕྱོགས་མཚོན་པའི་རྩོམ་དེབ༼རང་ལ་འཚམ་པའི་ལམ་༽ཞེས་པ་ཕུད། ད་དུང་གཞུང་ལུགས་ཀྱི་སྐོར་དང་། རང་གི་ལྟ་ཚུལ་མཚོན་པའི་བརྩམས་ཆོས་ཁ་ཤས། དུས་དེབ་དང་དྲྭ་ཚིགས་ཁག་ཏུ་བཀོད་ཡོད་མེད་ཅི་རིགས་བཅས་རྩོམ་ཡིག་ཅུང་ཁ་གྲངས་ལོངས་བ་ཞིག་བྲིས་ཡོད། ད་སྐབས་བོད་ལྗོངས་སྡིག་པ་རྭ་ཙ་བརྡ་ཁྱབ་ཀུང་སིའི་གཙོ་སྒྲུབ་པ་དང་། བོད་ལྗོངས་བཻ་རོ་སློབ་གྲྭའི་སློབ་གཙོ་གཞོན་པ་བཅས་ཀྱི་ལས་འགན་བཞེས་མུས་སུ་གནས།

བཻ་རོ་ཙ་ན་སློབ་གསོའི་དྲ་བ།

བཻ་རོ་ཙ་ན་སློབ་གསོའི་དྲ་བ་ནི་བོད་ཁུལ་གྱི་ཆེས་ཐོག་མའི་བརྙན་ལྡན་གྱི་སློབ་ཁྲིད་སྟེགས་བུ་ཞིག་ཡིན་ལ། ལོ་ལྟར་བོད་ཀྱི་དྲ་ལམ་སློབ་གཉེར་བ་ཁྲི་ཕྲག་མང་པོ་གསོ་སྦྱོང་བྱེད་བཞིན་ཡོད།

བཻ་རོ་ཙ་ན་སློབ་གསོའི་དྲ་བ།

173-81902522

bairuozhana@163.com

青ICP备18001141号      青公网安备 63270102000034号     

© Copyright 2024白若扎纳公司  白若扎纳教育网