ཐོ་ཞུགས།ཐོ་འགོད།
ཁ་པར་ཨང་གྲངས་སྤྱད་དེ་ཐོ་ཞུགས་བྱོས།
ཁ་པར་ཨང་གྲངས་ནོར་འདུག
བརྗེ་བ།
རིས་དབྱིབས་ཨང་རིས་ནོར་འདུག བསྐྱར་དུ་འབྲི་རོགས།
ཐོ་ཞུགས།

ཕུལ་བྱུང་དགེ་རྒན།

  • བཀྲ་ཤིས་ཚེ་རིང་།

    མཁས་མཛངས།:ངོས་སྙོམས་ཇུས་འགོད།、དྲ་ངོས་འཆར་འགོད།

    ཕ་ཡུལ་སི་ཁྲོན་མཛོད་དགེ་ནས་ཡིན། ཆུང་དུས་ནས་སློབ་གྲྭར་འགྲིམ་ཞིང་། དམའ་འབྲིང་སྐབས་རྒྱལ་ཁབ་སློབ་གྲྭ་མ་འགྲིམ་པར་སྒེར་བཙུགས་སློབ་གྲྭ་སྟེ་རྭ་རྒྱ་ཤེས་རིག་ནོར་གླིང་དུ་རྒྱུགས་སྤྲད་པས། ལོ་དེའི་མཐོ་རིམ་འཛིན་གྲྭར་ཞུགས་ཤིང་མཐར་ཕྱིན། 2014ལོར་པེ་ཅིན་སྒེར་བཙུགས་སློབ་གྲྭ་སྟེ་(华德福学校)འགྲིམ་ཞིང་ཆེད་ལས་གཙོ་བོ་དབྱིན་ཡིག་བྱས། 2017ལོར་སློབ་མཐར་ཕྱིན་རྗེས་པེ་ཅིན་(搜狐公司)ལོ་ཕྱེད་རིང་ཡིག་སྒྱུར་དང་རྩིས་འཕྲུལ་ལག་རྩལ་ཕྱོགས་ཀྱི་བྱ་བ་གཉེར། 2018ལོའི་ཟླ་བདུན་པར་ཁྲི་འདུ་(锦江中心-达内集团)ཅིན་ཅང་ལྟེ་གནས་ཀྱི་རྩིས་འཕྲུལ་ཆེད་སྦྱོང་འཛིན་གྲྭར་ཞུགས་ནས་ད་ལྟ་ཆེད་ལས་གཙོ་བོ་སྙོམས་ངོས་ཇུས་འགོད་དང་རྩིས་འཕྲུལ་སྐད་བརྡ་རིག་པའི་མདུན་སྣེ་དང་རྒྱབ་སྣེ་གསར་སྤེལ་ཕྱོགས་ལ་སློབ་སྦྱོང་བྱེད་དང་བྱེད་མུས་ཡིན།

  • བནྡེ་མཁར།

    མཁས་མཛངས།:བརྙན་ལེན།、པར་བ།

    མདོ་སྨད་བླ་བྲང་ཡུལ་ནས་སྐྱེས་ཤིང་བརྙན་དང་པར་ལེན་ཕྱོགས་ལ་སྤྲོ་བ་ཡོད་མཁན་ཞིག་ཡིན། ཁོང་གི་བརྩམས་ཆོས་བརྙན་ཐུང་<<རླུང་ནང་གི་ས་བོན>>ཞེས་པ་ཁ་ན་ཊ་(Canada)སོགས་རྒྱལ་སྤྱིའི་གློག་བརྙན་དུས་ཆེན་ཁག་གི་ནང་དུ་ཚུད་དེ་བསྟན། ༢༠༡༡ནས་༢༠༡༣བར་དུ་ཧྥེ་ལིས་པིན་(Philippine) དང་ཁ་ན་ཊ་སོགས་སུ་ཕྱིན་ཏེ་བརྙན་ལེན་ཕྱོགས་ལ་སྦྱངས་ཤིང་། ༢༠༡༤ནས་༢༠༡༧བར་ཨ་རིའི་ཨན་ཁྲིས་ཨ་ཁི་གཙུག་ལག་སློབ་ཆེན་(Antioch University New England) ནས་སྐྱེ་ཁམས་ཁོར་ཡུག་གི་སློབ་གསོ་གཙོས་པའི་ཞིབ་འཇུག་པའི་ཐོབ་ཐང་བླངས་ཏེ་ཕྱིར་རང་རྒྱལ་དུ་ལོག ཁོང་གི་རེ་བ་ནི་དེང་གི་ཆ་འཕྲིན་གྱི་དུས་རབས་འདིར་བརྙན་དང་འཕྲིན་ལམ་བརྒྱུད་ནས་མང་ཚོགས་ལ་ཁོར་ཡུག་སློབ་གསོའི་ཤེས་བྱ་དྲིལ་བསྒྲགས་བྱེད་དེ་ཁོར་སྲུང་གི་འདུ་ཤེས་ཆགས་པར་སྐུལ་མ་གཏོང་རྒྱུ་དེ་ཡིན།

  • ལྷ་ཐོག་རབ་རྒྱས།

    མཁས་མཛངས།:ཡིག་མཁན།、ཡིག་གཟུགས་དགེ་རྒན།

    ལྷ་ཐོག་རབ་རྒྱས་ནི། སྤྱི་ལོ་༡༩༨༣ལོར་མདོ་ཁམས་ལྷ་ཐོག་ཞིང་ནགས་སྡེ་བར་སྐྱེས།ལོ་ལྔའི་ཐོག་ཡབ་དམ་པའི་སྐུ་མདུན་ནས་བོད་ཡིག་འབྲི་ཀློག་ནས་སྦྱོར་ཀློག་བར་སྦྱང་། ༡༩༩༦ལོར་ལྷ་ཐོག་མཛོ་རྫི་དགོན་དུ་ཆོས་སྒོར་ཞུགས། ༢༠༠༡ལོར་མཛོ་རྫི་དགོན་ནང་བསྟན་སློབ་གླིང་དུ་ཞུགས་ཏེ་བགྲང་བྱ་༩རིང་ནང་ཆོས་རིག་གནས་ལ་སློབ་སྦྱོང་བྱས། ༢༠༡༡ལོར་པེ་ཅིན་མི་རིགས་སློབ་གྲྭ་ཆེན་མོ་ནས་ལོ་༤རིང་རྒྱ་ཡིག་ཆེད་སྦྱོང་གནང་ཏེ་དངོས་གཞི་ཚན་ཁག་ནས་སློབ་མཐར་ཕྱིན། ༢༠༡༧ལོར་ཆེད་དུ་བོད་ལྗོངས་ལྷ་ས་རུ་སོང་སྟེ་མིང་དུ་གྲགས་པའི་ཡིག་མཁན་ཆེན་མོ་རྒན་མཛུབ་སྨྱོན་ལྷག་པ་ཚེ་རིང་མཆོག་གི་སྐུ་མདུན་ནས་ལོ་གཉིས་རིང་བོད་ཡིག་ཡིག་གཟུགས་ཚུགས་རིང་། ཚུགས་ཐུང་། དཔེ་ཚུགས། འབྲུ་ཚ། འཁྱུག་ཡིག་བཅས་ལ་སྦྱང་པ་མཐར་ཕྱིན་པ་བྱས། ཞོར་དུ་དབུས་ཀྱི་རྩོམ་པ་པོ་གྲགས་ཅན་ལན་ཝར་སོགས་ལ་ཆེས་མཁས་པའི་དགེ་རྒན་ཆེན་མོ་ཡེ་ཤེས་ངག་དབང་མཆོག་གི་སྐུ་མདུན་ནས་ལན་ཝར་གཉིས་དང་དབུ་ཅན་བཅས་སྦྱང་བརྩོན་ལྷོད་མེད་གནང་མྱོང་ཡོད།

  • པད་མ་ཚེ་རིང་།

    མཁས་མཛངས།:རོལ་མོའི་དགེ་རྒན།、

    བོད་ལྗོངས་སློབ་ཆེན་༢༠༡༦ལོའི་ཤེས་རམས་ཞིབ་འཇུག་སློབ་མ། བོད་རང་སྐྱོངས་ལྗོངས་གཞས་མ་གཏམ་མཁས་ཅན་མཐུན་ཚོགས་ཀྱི་ཁོངས་མི། ཨེ་འགོག་མཐུན་ཚོགས་ཀྱི་ཁོངས་མི། བོད་ལྗོངས་དབྱངས་གསལ་སྒྲ་སྙན་རིག་གནས་དར་སྤེལ་ཁང་དང་ཡིད་མཐུན་དྲ་སློབ་བཅས་ཀྱི་གསར་གཏོད་པའི་གྲས་བཅས་ཡིན། དེ་སྔོན་བོད་ལྗོངས་སློབ་ཆེན་གངས་ལྷ་མེ་ཏོག་སྒྱུ་རྩལ་ཚོགས་པའི་ཚོགས་གཙོ། རྒྱ་གྲམ་དམར་པོ་མཐུན་ཚོགས་ཀྱི་ཚོགས་གཙོ། རོལ་དབྱངས་དགའ་ཞེན་ལྷན་ཚོགས་ཀྱི་ཚོགས་གཙོ་བཅས་བྱེད་མྱོང་། རྒྱལ་ཁབ་དང་། སློབ་གྲྭ་རིམ་པའི་བྱ་དགའ་ལེགས་ཐོན་གྱི་བྱ་དགའི་དངུལ 《宝钢奖学金》《国家奖学金》《国家自强之星》 དང་། 《明德奖学金》ཐེངས་གསུམ། 《校园一等奖学金》དེ་བཞིན་གཙོ་སྦྱོང་སྒྲ་སྙན་འགྲན་བསྡུར་ཨང་དང་པོ་ཐེངས་གསུམ་ལ་ཐོབ་མྱོང་བ་བཅས་སོ། 《主修扎念比赛一等奖》。 ༢༠༡༣ལོར་གཞས་མ་གཏམ་གྱི་བརྩམས་ཆོས༼རྟེན་འབྲེལ་ཞུ་བར་བཅར་བ༽ཞེས་པར་བོད་རང་སྐྱོངས་ལྗོངས་བདུད་རྩི་བུམ་པའི་གཞས་མ་གཏམ་འགྲན་བསྡུར་ནང་བྱ་དགའ་རིམ་པ་གཉིས་པ་ཐོབ། རང་ཉིད་ཀྱི་གསར་རྩོམ་དང་། འཁྲབ་འཁྲིད། འཁྲབ་སྟོན་བྱས་པའི་འབྲས་དཀར༼གངས་ཅན་རོལ་ཆའི་པ་ལགས༽ཞེས་པ་མཚོ་སྔོན་གྱི་སྐབས་དྲུག་པའི་སྒྲ་སྙན་བརྡུང་ལེན་འགྲན་བསྡུར་གྱི་དགོངས་ཚོགས་ནང་ཞུགས་ནས་རྒྱ་ཆེའི་གཟིགས་མོ་བའི་དགའ་བསུ་ཆེན་པོ་ཐོབ། བརྩམས་ཆོས་དེ༢༠༡༨ལོར་སྐབས་གསུམ་པའི་རྒྱལ་ཡོངས་ནུབ་ཕྱོགས་ཕུལ་བྱུང་གཞས་མ་གཏམ་ལེ་ཚན་འགྲེམ་སྟོན་དང་རྒྱལ་ཡོངས་གྲངས་ཉུང་མི་རིགས་ཀྱི་གཞས་མ་གཏམ་འགྲེམ་སྟོན་ནང་དུ་བདམས་ཐོན་བྱུང་། གཞན་ཡང་། ༼བོད་ཀྱི་གླུ་གར་ཞིབ་འཇུག་པ་བསྟན་འཛིན་ཚེ་རིང་གི་སྐོར་བཀོད་པ།༽དང་། ༼གངས་ཅན་རོལ་ཆའི་པ་ལགས།༽ ༼ གཉེན་སྟོན་ནང་གི་གླུ་གར་རིག་གནས་སྐོར།༽ བཅས་ཀྱི་རྩོམ་ཡིག་སྤེལ་མྱོང་།

  • བསོད་ནམས་རིན་ཆེན།

    མཁས་མཛངས།:བརྙན་ལེན་པ།、སྒྲིག་སྦྱོར་བ།、པར་བ།

    ཕ་ཡུལ་ཀན་ལྷོ་རྨ་ཆུ།༢༠༡༧ལོར་འཇིགས་མེད་རྒྱལ་མཚན་ལས་རིགས་ལག་རྩལ་སློབ་གླིང་གི་རྩིས་འཁོར་ཆེད་ལས་འཛིན་གྲྭ་ནས་སློབ་མཐར་ཕྱིན། སློབ་གླིང་ནས་རྩིས་འཁོར་ཕྱོགས་ཀྱི་བྱ་དགའ་མང་དུ་ཐོབ་མྱོང་། ༢༠༡༨ལོར་ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོའི་རྩོམ་རིག་ཆེད་སྦྱོང་སྡེ་ཁག་ནས་སློབ་མཐར་ཕྱིན། རྩིས་འཁོར་ཕྱོགས་ཀྱི་སློབ་སྦྱོང་གི་ཉམས་མྱོང་སོགས་གང་མང་མཆིས།