ཐོ་ཞུགས།ཐོ་འགོད།
ཁ་པར་ཨང་གྲངས་སྤྱད་དེ་ཐོ་ཞུགས་བྱོས།
ཁ་པར་ཨང་གྲངས་ནོར་འདུག
བརྗེ་བ།
རིས་དབྱིབས་ཨང་རིས་ནོར་འདུག བསྐྱར་དུ་འབྲི་རོགས།
ཐོ་ཞུགས།

ཕུལ་བྱུང་དགེ་རྒན།

  • སྐྱབས་ཆེན་བདེ་གྲོལ།

    མཁས་མཛངས།:རྩོམ་པ་པོ།、སྙན་ངག་པ།

    སྐྱབས་ཆེན་བདེ་གྲོལ། བོད་ཀྱི་དེང་རབས་སྙན་ངག་པ་དང་རྩོམ་པ་པོ། 1977ལོར་མདོ་སྨད་ཁྲོ་ཁོ་ཆུ་ཁ་མ་ཞེས་པའི་འབྲོག་སྡེ་ཞིག་ནས་སྐྱེས། ད་ལྟའི་བར་དུ་སྙན་ངག་དང་སྒྲུང་རིང་ཐུང་། ལྷུག་རྩོམ། དཔྱད་གཏམ། འཁྲབ་གཞུང་། འགྱུར་རྩོམ་སོགས་ཁ་གྲངས་ཉིས་སྟོང་ལྷག་བརྒལ་བ་བརྩམས། སྙན་དེབ《མི་རྟག་པ》དང་《བར་སྐོར་གྱི་ཆང་ཁང》། སྒྲུང་དེབ《གླུ་སྐད་སྐྱ་བོ》དང་《གངས་འདབས་ཀྱི་དུར་ཁྲོད་དང་ཤམ་བྷ་ལའི་བྱ་རྒོད》སོགས་དཔེ་སྐྲུན་བྱས།

  • བྱམས་པ་སངས་རྒྱས།

    མཁས་མཛངས།:ཡིག་མཁན།、དགེ་རྒན།

    བ་རོད་བྱམས་པ་སངས་རྒྱས། བ་རོད་བྱམས་པ་སངས་རྒྱས་སམ་སྨྱུག་མིང་ནས་སོན་ནི། བྱང་ནག་ཆུའི་ཨོ་ཏོག་ཅེས་པའི་འབྲོག་སྡེ་རུ་ ༡༩༨༦ ལོར་སྐྱེས། སེ་ར་དགོན་པ་དང་བོད་ལྗོངས་སློབ་གྲྭ་ཆེན་མོ། དེ་བཞིན་བོད་ལྗོངས་གསོ་རིག་སློབ་གླིང་སོགས་སུ་འགྲིམ་སྟེ། བོད་ཁུལ་མིང་དུ་གྲགས་པའི་དགེ་རྒན་དུ་མའི་ཞབས་ལ་བཏུགས་ནས་རིག་གནས་སྤྱི་དང་ལྷག་ཏུ་སྙན་ངག་དང་བརྡ་སྤྲོད། ཡིག་གཟུགས་གསུམ་འབུར་དུ་ཐོན་པ་ཞིག་སྦྱོང་བ་བྱས་པའི་འབྲས་བཟང་གིས། ལྗོངས་རྒྱལ་ཡོངས་སོགས་ཀྱི་བྱ་དགའ་ཨང་དང་པོ་དང་གཉིས་པ་གསུམ་པ་སོགས་ཐེངས་མང་པོར་ཐོབ། སྤྱིར་བོད་ཀྱི་རིག་གཞུང་ཀུན་ལ་སྦྱང་འབྲས་གཟེངས་སུ་ཐོན་ཏེ་མཁས་དབང་རྣམ་པས་གདེང་འཇོག་མཐོན་པོར་ཐོབ་ཡོད། ལྷག་ཏུ་རྡོ་དགོན་གསང་བདག་རྡོ་རྗེ་མཆོག་གིས་གདེང་འཇོག་མཐོན་པོའི་དཔང་ཡིག་ཐེངས་གཉིས་གནང་མྱོང་ཡོད། རྩོམ་དེབ་«ངག་གི་བྲག་ཅ་» དང་། « ཡར་ཀླུང་གི་མི་ཞིག » ཞེས་པ་སོགས་བརྩམས་ཏེ་རྒྱ་ཆེ་བའི་ཀློག་པ་པོ་རྣམས་ཀྱི་སྤྱན་ལམ་དུ་ཕུལ། ལྷ་ས་གྲོང་ཁྱེར་ཇོ་མོ་གླང་མའི་མཐོ་རིམ་སློབ་འབྲིང་གི་དགེ་རྒན་དང་། བོད་ལྗོངས་རྩོམ་པ་པོའི་མཐུན་ཚོགས་དང་ཡིག་གཟུགས་མཁས་པའི་མཐུན་ཚོགས་ཀྱི་ལས་འཛིན་གྱི་གྲས་སུ་ཞུགས་ཡོད།

  • ཀླུ་མགོན་རྒྱལ།

    མཁས་མཛངས།:གློག་བརྙན།、འགུལ་རིས།

    སྤྱི་ལོ་1996ལོར་མཚོ་སྔོན་ཞིང་ཆེན་མགོ་ལོག་ཁུལ་རྨ་ཆེན་རྫོང་རྟ་བོ་ཞོལ་མ་ནས་སྐྱེས་ཤིང་། ཆུང་དུས་སློབ་གྲྭ་ཆུང་འབྲིང་གི་སྒོ་ཐེམ་བརྒལ་ནས་སློབ་ཆེན་གྱི་སྐབས་སུ་དངོས་སུ་ཚད་གསུམ་མཉེན་ཆས་C4Dགཙོ་བྱས་སྨྱན་བྱད་ལས་ཀའི་ཆེད་ལས་ལ་སློབ་སྦྱོང་བྱས། སློབ་མཐར་བྱིན་རྗེས་རང་མོས་ཀྱིས་པེ་ཅིན་དུ་ཚད་གསུམ་མཉེན་ཆས་ལ་C4Dཟབ་སྦྱོང་ཟླ་བ་དགུ་ལྷག་བྱས། 2017ལོར་ཕྱིར་རང་ཡུལ་དུ་ལོག་ནས་སྒེར་ཚུགས་ཀྱིས་བྱང་འབྲོང་གློག་བརྙན་འཕྲིན་འགུལ་རིས་ལས་གཉེར་ཁང་བཙུགས་ཏེ་སྔར་བཞིན་དགའ་ཕྱོགས་དང་ཕུགས་འདུན་ལ་འབད་བཞིན་ཡོད།

  • བསོད་ནམས།

    མཁས་མཛངས།:དབྱིན་ཡིག、དགེ་རྒན།

    སྤྱི་ལོ་༡༩༩༢ལོར་སི་ཁྲོན་ཞིང་ཆེན་རྔ་བ་ཁུལ་མཛོད་དགེ་རྫོང་རྨེ་ཆུ་ཡུལ་ཚོ་རུ་སྐྱེས། རང་ས་གནས་ཀྱི་སློབ་ཆུང་དུ་སློབ་མཐར་ཕྱིན་ཏེ་མུ་མཐུད་དུ་ནང་དོན་རིག་པར་ལོ་ངོ་བཅུ་ཕྲག་ལྷག་ལ་ཐོས་བསམ་སློབ་གཉེར་ཙམ་བྱས་མཐར། དེང་དུས་ཀྱི་དགོས་མཁོ་ཞིག་ལ་དམིགས་ནས། མཚོ་སྔོན་མི་རིགས་དགེ་འོས་སློབ་གླིང་དུ་བོད་དབྱིན་སྡེ་ཁག་གི་བསླབ་ཚན་ཡོངས་སུ་བསླབས་ཏེ། ད་ལྟ་དབྱིན་ཡིག་དགེ་རྒན་གྱི་ལས་ལ་བརྩོན་བཞིན་པའོ། །