ཐོ་ཞུགས།ཐོ་འགོད།
ཁ་པར་ཨང་གྲངས་སྤྱད་དེ་ཐོ་ཞུགས་བྱོས།
ཁ་པར་ཨང་གྲངས་ནོར་འདུག
བརྗེ་བ།
རིས་དབྱིབས་ཨང་རིས་ནོར་འདུག བསྐྱར་དུ་འབྲི་རོགས།
ཐོ་ཞུགས།

ཕུལ་བྱུང་དགེ་རྒན།

  • བཀྲ་ཤིས་དོན་འགྲུབ།

    མཁས་མཛངས།:ཡིག་གཟུགས། 、དགེ་རྒན།

    བཀྲ་ཤིས་དོན་འགྲུབ། ༡༩༨༣ལོར་བྲག་གཡབ་མུ་རི་ཞེས་པའི་ལུང་ཁུག་ཅིག་ཏུ་སྐྱེས། ༢༠༠༢ལོར་ཆབ་མདོ་དགེ་འོས་སློབ་གྲྭ་ནས་སློབ་མཐར་ཕྱིན་རྗེས་དགེ་རྒན་གྱི་ལས་གནས་ལ་ཞུགས་ཤིང་ལས་ཞོར་དུ་རང་གི་དགའ་མོས་ཡིག་གཟུགས་ལ་སྦྱང་བརྩོན་ཅུང་ཙམ་བྱས་ཀྱང་འབྲས་བུ་ཆེར་མ་ཐོབ། ལས་སྨོན་བཟང་པོས་སློབ་དཔོན་ཆེན་མོ་བསྟན་འཛིན་མཆོག་དང་མཇལ་ནས་ཚུགས་རིང་ཐུང་གི་ཁྲིད་སོགས་ཞུ་བའི་སྐལ་བ་ཐོབ་པ་མ་ཟད་། དབུས་གཙང་གི་ཡིག་མཁན་མང་པོའི་ཞབས་ལ་གཏུགས་ནས་བྲིས་ཀྱི་མན་ངག་དང་ཁྲིད་ལུང་ཞུ་བའི་བསོད་ནམས་བཟང་པོ་རྙེད། དམ་པ་ཁོང་རྣམ་པའི་ཐུགས་བརྩེའི་བཀའ་སློབ་དང་མཛུབ་སྟོན་གྱི་འོག་ནས་སྔ་རྗེས་སུ་ལྗོངས་ཕྱི་ནང་གང་སར་ཡིག་གཟུགས་ཀྱི་བྱ་དགའ་མང་པོ་ཐོབ་མྱོང་། ད་ལྟ་ཆབ་མདོ་གྲོང་ཁྱེར་ཡིག་གཟུགས་དང་མཛེས་རྩལ་ལྷན་ཚོགས་ཀྱི་ཚོགས་གཞོན་དང་། བོད་རང་སྐྱོང་ལྗོངས་ཡིག་གཟུགས་མཁས་པའི་མཐུན་ཚོགས་ཀྱི་ཚོགས་མི་བཅས་ཡིན།

  • ཆོས་རྡོར།

    མཁས་མཛངས།:རྩོམ་པ་པོ།、དགེ་རྒན།

    ༡༩༨༨ལོར་བོད་ལྗོངས་འཇོ་མདའ་རྫོང་སྟག་གཟིག་གྲོང་དུ་སྐྱེས། ལོ་བཅུ་གསུམ་ནས་བཤད་གྲྭ་ཁག་དུ་མ་འགྲིམ་ཞིང་། ཁྱད་པར་དུ་རྫོང་སར་ལྔ་རིག་སློབ་གླིང་ནས་ལོ་བཅུ་གཅིག་རིང་སློབ་སྦྱོང་བསྟུད་མར་བྱས། དེའི་རིང་། བརྡ་སྤྲོད། སྙན་ངག སྐར་རྩིས། མདོ་ཕྱོགས་ཀྱི་གཞུང་ཆེན་ཁག་ལྔ་བཅས་སློབ་མཐར་ཕྱིན་ཞིང་། རྒྱུད་སྡེའི་སྐོར་ལ་ཡང་ཐོས་བསམ་ངེས་ཅན་ཞིག་བྱས། རང་ལོ་ཉེར་གཉིས་ནས་ཉེར་དྲུག་བར། སློབ་གླིང་དེ་ནས་སྐྱོར་དཔོན་དང་སློབ་ཁྲིད་དགེ་རྒན་གྱི་འགན་བཞེས། དེ་རྗེས་རང་གི་འདོད་པ་ལྟར་སྐྱ་སར་བབས། ༢༠༡༨ ལོར་རང་ཉིད་ཀྱི་ལྟ་བ་དང་ལངས་ཕྱོགས་མཚོན་པའི་རྩོམ་དེབ༼རང་ལ་འཚམ་པའི་ལམ་༽ཞེས་པ་ཕུད། ད་དུང་གཞུང་ལུགས་ཀྱི་སྐོར་དང་། རང་གི་ལྟ་ཚུལ་མཚོན་པའི་བརྩམས་ཆོས་ཁ་ཤས། དུས་དེབ་དང་དྲྭ་ཚིགས་ཁག་ཏུ་བཀོད་ཡོད་མེད་ཅི་རིགས་བཅས་རྩོམ་ཡིག་ཅུང་ཁ་གྲངས་ལོངས་བ་ཞིག་བྲིས་ཡོད། ད་སྐབས་བོད་ལྗོངས་སྡིག་པ་རྭ་ཙ་བརྡ་ཁྱབ་ཀུང་སིའི་གཙོ་སྒྲུབ་པ་དང་། བོད་ལྗོངས་བཻ་རོ་སློབ་གྲྭའི་སློབ་གཙོ་གཞོན་པ་བཅས་ཀྱི་ལས་འགན་བཞེས་མུས་སུ་གནས།