ཐོ་ཞུགས།ཐོ་འགོད།
ཁ་པར་ཨང་གྲངས་སྤྱད་དེ་ཐོ་ཞུགས་བྱོས།
ཁ་པར་ཨང་གྲངས་ནོར་འདུག
བརྗེ་བ།
རིས་དབྱིབས་ཨང་རིས་ནོར་འདུག བསྐྱར་དུ་འབྲི་རོགས།
ཐོ་ཞུགས།

ཕུལ་བྱུང་དགེ་རྒན།

  • རིག་སྨོན་བསམ་གཏན།

    མཁས་མཛངས།:ཡིག་གཟུགས་དགེ་རྒན།、ཡིག་མཁན།

    སྤྱི་ལོ༡༩༧༧ལོར་མཚོ་སྔོན་ཞིང་ཆེན་མཚོ་ལྷོ་ཁུལ་གསེར་ཆེན་རྫོང་རིག་སྨོན་གཞོངས་སྐྱིད་ཉིན་ལུང་དཔོན་ཚང་དུ་སྐྱེས། ༢༠༡༧ལོར་<<སྦྲང་ཆར>>རྩོམ་སྒྲིག་ཁང་གི་ “ཐོན་མིའི་མཛུབ་རིས་”མིང་ཅན་གྱི་ཡིག་གཟུགས་འགྲན་སྡུར་ཐེངས་ལྔ་པའི་སྟེང་བྱ་དགའ་ཨང་གསུམ་པ་དང་། ༢༠༡༧ལོར་མཚོ་ལྷོ་ཁུལ་གསེར་ཆེན་རྫོང་ལས་བྱེད་པའི་རིག་གནས་བྱ་འགུལ་ལྟེ་གནས་ཁང་གིས་སྤེལ་བའི་ཡིག་གཟུགས་འགྲན་བསྡུར་ཁྲོད་ཨང་དང་པོའི་བྱ་དགའ་སོགས་མང་དུ་ཐོབ་མྱོང་། ༢༠༡༩ལོར་ཁོང་གི་བརྩམས་ཆོས་<<བོད་ཀྱི་ཡིག་གཟུགས་སྣ་ཚོགས་ཀྱི་བྲིས་རྒྱུན་ཡིག་ཐང་རིང་མོ་དགེ་མཚན་དཔལ་གྱི་འོད་འབར་>>བྱ་བར་མིག་སྔར་ཆེས་རིང་བའི་བོད་ཀྱི་ཡིག་གཟུགས་ཀྱི་ཡིག་ཐང་རིང་མོར་ཆགས་ཡོད་པ་མ་ཟད་རྒྱལ་སྤྱིའི་ཅི་ཉི་སིའི་ཟིན་ཐོར་ཚུད་ཅིང་དཔང་ཡིག་ཐོབ།

  • བསོད་ནམས་དཔལ་སྐྱིད།

    མཁས་མཛངས།:ཇུས་འགོད།、སྒྲིག་བཟོ།

    སློབ་གྲྭ་ཆུང་འབྲིང་ནས་མཐར་ཕྱིན་རྗེས་ལོ་བདུན་གྱི་ཡུན་དུ་རྩིས་འཁོར་ཆེད་ལས་ལ་སྦྱོང་བ་བྱས། ༢༠༡༣ལོར་སི་ཁྲོན་ཝུ་ཡེའེ་ཧྭ་རྩིས་འཁོར་ཆེད་ལས་སློབ་གླིང་ནས་མཐར་ཕྱིན་ཏེ་“ཇུས་འགོད་ཆེད་མཁས་པའི”་མཚན་སྙན་གནང་། དེ་རྗེས་ལོ་གསུམ་གྱི་ཡུན་དུ་ཆེད་ལས་ལག་རྩལ་དངོས་སྦྱོང་བྱས་ཏེ་པར་སྐྲུན་དང་ཇུས་འགོད་ཀྱི་བྱ་བ་གཉེར།

  • ཕྱི་འབྲེལ་སློབ་ཁྲིད།

    མཁས་མཛངས།:དབྱིན་ཡིག

    དབྱིན་ཡིག་ཆེད་མཁས་པ།

  • ཚེ་དབང་བཀྲ་ཤིས།

    མཁས་མཛངས།:བརྡ་སྤྲོད་སྨྲ་བ།、ལོ་རྒྱུས་སྨྲ་བ།

    སྤྱི་ལོ་1979ལོར་ཁམས་ཡུལ་ཤུལ་དུ་སྐྱེས། སྤྱི་ལོ་1995ལོ་ནས་གསེར་ཐང་བླ་རུང་ལྔ་རིག་ནང་བསྟན་སློབ་གླིང་ནས་སློབ་སྦྱོང་བྱས་ཏེ། སྤྱི་ལོ་2007ལོར་མཁན་པོའི་ཐོབ་ཐང་བླངས། སྤྱི་ལོ་2007ལོ་ནས་2013ལོའི་བར་དུ་བཀའ་བརྒྱུད་འཛིན་གྲྭའི་བདག་གཉེར་དང་དཔེ་ཁྲིད་མཁན་པོའི་འགན་བཞེས། སྤྱི་ལོ་2014ནས་2018བར་ཡུལ་ཤུལ་ཁུལ་བོད་ཡིག་ཆེད་སྦྱོང་སློབ་ཆེན་སྡེ་ཁག་ཏུ་དགེ་རྒན་བགྱིས། སྤྱི་ལོ་2018ལོ་ནས་ཧི་མ་ལ་ཡའི་རིག་གནས་སྒྱུ་རྩལ་ལྟེ་གནས་ཁང་གི་རིག་མཛོད་ཞུས་ཆེན་དང་རྩོམ་སྒྲིག་གི་བྱ་བར་ཞུགས། བརྩམས་ཆོས་ལ་《ནང་བསྟན་རིག་པའི་སྤྱི་བཤད་》དང་། 《ངོ་མཚར་བའི་འཇིག་རྟེན་གྱི་གསང་བ་》 《མཐོ་བོད་ཀྱི་ལོ་རྒྱུས་རྣམ་བཤད་》 《ལོ་རྒྱུས་རིག་པའི་ལྡེ་མིག》 《རྒྱལ་དབང་མི་བསྐྱོད་པའི་གསུང་རབ་ལ་འཇུག་པའི་སྒོ་》 《བོད་ཀྱི་བརྡ་སྤྲོད་རིག་པ་》སོགས་ཡོད་དོ།།